e-texts navigator
Collection
Volume
Page
Wylie

424a1 ན་ཀླུའི་མིང་ཅན་ཞེས་བགྱི་བར་ཡང་གྱུར་ཏེ། བཙུན་པ་བདག་ནི་ཡུན་རིང་པོ་ནས་དགོན་པ་པ་ལགས་ཤིང་དགོན་པ་པ་ཉིད་ཀྱི་བསྔགས་པ་ཡང་རྗོད། བསོད་སྙོམས་པ་ལགས་ཤིང་བསོད
424a2 སྙོམས་པ་ཉིད་ཀྱི་བསྔགས་པ་ཡང་རྗོད། ཕྱག་དར་ཁྲོད་པ་ལགས་ཤིང་ཕྱག་དར་ཁྲོད་པ་ཉིད་ཀྱི་བསྔགས་པ་ཡང་རྗོད་པ་ལགས་སོ།། འོད་སྲུངས་ཁྱོད་ཀྱིས་དོན་གྱི་དབང་དུ་ཞིག་ཡང་དག་པར་མཐོང་ན་དགོན་པ་པ་ཡིན་ཞིང
424a3 དགོན་པ་ཉིད་ཀྱི་བསྔགས་པ་ཡང་རྗོད། བསོད་སྙོམས་པ་ཡིན་ཞིང་བསོད་སྙོམས་པ་ཉིད་ཀྱི་བསྔགས་པ་ཡང་རྗོད། ཕྱག་དར་ཁྲོད་པ་ཡིན་ཞིང་ཕྱག་དར་ཁྲོད་པ་ཉིད་ཀྱི་བསྔགས་པ་ཡང་རྗོད། བཙུན་པ་གཉིས་ཏེ། བད།
424a4 ཉིད་ཚེ་འདི་ལ་བདེ་བར་གནས་པའི་སླང་དུ་དང་། སླད་མའི་སྐྱེ་བོ་དག་ལ་སྣང་བ་བགྱིས་པར་འགྱུར་བའི་སླད་དུ་སྟེ། དགེ་སློང་གནས་བརྟན་རྒྱལ་ཚབ་ལྟ་བུ་རབ་ཏུ་བྱུང་ནས་ཡུན་རིང་དུ་ལགས་པ། ཚངས་པར་སྤྱོད་པ་མངོན་པ།
424a5 སྤྱད་པ། སྟོན་པས་བསྔགས་པ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་བཀུར་བ། གང་དག་འདས་པར་གྱུར་པ་དེ་དག་ཡུན་རིང་པོ་ནས་དགོན་པ་པར་གྱུར་ཅིང་དགོན་པ་ཉིད་ཀྱི་བསྔགས་པ་ཡང་རྗོད། བསོད།
424a6 སྙོམས་པར་གྱུར་ཅིང་བསོད་སྙོམས་པ་ཉིད་ཀྱི་བསྔགས་པ་ཡང་རྗོད། ཕྱག་དར་ཁྲོད་པར་གྱུར་ཅིང་ཕྱག་རར་ཁྲོད་པ་ཉིད་བསྔགས་པ་ཡང་རྗོད་པར་གྱུར་པ་དེ་དག་ཐོས་ནས་དེ་ལྟ་དེ་ལྟར་སྒྲུབ་པར་འགྱུར་ཞིང་དེ་དག་ལ
424a7 ཡུན་རིང་པོའི་དོན་དང་། སྨན་པ་དང་། བདེ་བར་འགྱུར་རོ།། འོད་སྲུངས་ཁྱོད་ཡུན་རིང་པོ་ནས་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་།




iiif viewer powered by OpenSeadragon

423b - 424b

Texts on this page

Ty005-002 - 'dul ba rnam par 'byed pa