e-texts navigator
Collection
Volume
Page
Wylie

89a1 ནས་ཐར་ཏེ་གནས་གཙང་མའི་ལྷའི་རིས་སུ་སྐྱེས་ནས་སྒྲུབ་པ་པོའི་ཐད་དུ་འོངས་ཏེ་མཆོད་པར་བྱེད་ཅིང་ལུས་ཀྱང་སྟོན་ལ། ལེགས་སོ་ཞེས་བྱས་པའང་བྱིན་ནས་ལན་གསུ
89a2 བསྐོར་བ་བྱས་ཏེ་མི་སྣང་བར་འགྱུར་རོ། ། དེའི་མིང་བྲིས་ལ་གཟུངས་སྔགས་བཟླས་བརྗོད་བྱེད་ཅིང་།། མཆོད་རྟེན་འབུམ་བྱས་ལ། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས
89a3 པས་ལེགས་པར་མཆོད་ནས་རྒྱ་མཚོ་ཆེན་པོ་དང་། ཡང་ན་ཆུ་ཀླུང་དུ་བཏང་ན་དེས་སེམས་ཅན་དམྱལ་བ་ལ་སོགས་པ་ནས་ཐར་པར་འགྱུར་རོ།། ཡང་ན་དེ་ལྟར་མཆོད་པ་བྱས་ནས་མཇུག་ཏུ་ལམ
89a4 གྱི་བཞི་མདོར་མཆོད་རྟེན་ཆེན་པོ་བྱས་ཏེ། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པས་ལེགས་པར་མཆོད་ལ། འཕགས་པའི་དགེ་འདུན་ལའང་མཆོད་སྟོན་གསོལ་ནས་ཡོན་ཡང
89a5 ཕུལ་ཏེ་ལེགས་པར་མཆོད་ནས་ཆེ་གེ་མོ་ཞིག་གི་དགེ་བའི་རྩ་བར་གྱུར་ཅིག། འདི་ཁོ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག་ཅེས་ཀྱང་ཤེས་པར་བྱས་ན། དེ་ཁོ་ན་བཞིན་དུ་སྐྱེས
89a6 ནས་ལུས་ཀྱང་སྟོན་ཅིང་ལེགས་སོ་ཞེས་བྱ་བའང་བྱིན་ནས་མི་སྣང་བར་གྱུར་ཏོ། ། མཚམས་མེད་པ་ལྔ་བྱེད་པ་འམ། དམ་པའི་ཆོས་སྤོང་བའམ། འཕགས་པ་ལ་སྐུར་པ་བཏབ་པའང
89a7 རུང་སྟེ་འཆི་ཁར་རྩིག་པ་ལ་གཟུངས་སྔགས་འདི་བྲིས་པ་མཐོང་ན་དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ན། འདོན་པ་དང་བཟླས་བརྗོད་བྱས་པ་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས




iiif viewer powered by OpenSeadragon

88b - 89b

Texts on this page

S695 - 'phags pa las kyi sgrib pa thams cad rnam par sbyong ba zhes bya ba'i gzungs