| | e-texts navigator
|
87b1 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ
87b2 ཏེ་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔལ་ལྷ་མོ་ཆེན་མོའང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་དྲུང་དུ་ཕྱིན་ནས། བཅོམ་ལྡན་འདས
87b3 ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ཆེན་མོ་ལ་གཟིགས་ནས། སྤྱན་རས་གཟིགས་དབང་ཕྱུག་ལ་འདི
87b4 སྐད་ཅེས་བཀའ་སྩལ་ཏོ། ། སྤྱན་རས་གཟིགས་དབང་ཕྱུག་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། སེམས་ཅན་གང་སུའང་རུང་བས་དཔལ
87b5 ཆེན་མོ་འདིའི་མིང་བཅུ་གཉིས་ཤེས་ཏེ་འཆང་བ་དང་། ཀློག་པ་དང་། སྒྲུབ་པར་བྱེད་པ་དང་། རྗོད་པར་བྱེད་ན་དེ་དབུལ་པོ་སྤངས་ནས་ཕྱུག་པོ་ཆེན་པོར་འགྱུར་རོ།། དེ་ནས་འབྱུང་པོའི་ཚོགས
87b6 ཐམས་ཅད་ཀྱིས་ཀྱང་དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་སོ། ། དཔལ་ལྷ་མོ་ཆེན་མོའི་མིང་བཅུ་གཉིས་ནི། འདི་ལྟ་སྟེ། བཀྲ་ཤིས་མ། དཔལ་ལྡན་མ། པདྨའི་འཕྲེང་ཐོགས་མ། ནོར
87b7 བདག་མ། དཀར་ཤ་མ་མ། གྲགས་ཆེན་མ། པདྨའི་སྤྱན་མངའ་མ། འོད་ཆེན་མ། བྱེད་པ་མོ།། ཟས་སྦྱིན་མ། རིན་ཆེན་འོད་ལྡན་མ། དཔལ་ཆེན་མོ་མ། སངས་རྒྱས་ཐམས་ཅད་ལ
iiif viewer powered by OpenSeadragon
87a - 88a