e-texts navigator
Collection
Volume
Page
Wylie

76a1 འབྱུང་པོ་ཐམས་ཅད་ལ་དབང་སྒྱུར་མ། བདག་གི་སྡིག་པ་ཐམས་ཅད་བསལ་དུ་གསོལ་སྭཱ་ཧཱ། འཕེལ་བར་མཛད་མ། བདག་གི་དཔལ་དང་སྐལ་བ་བཟང་པོ་ཐམས་ཅད་སྤེལ་དུ་གསོལ།
76a2 འཕེལ་བར་མཛད་དུ་གསོལ་སྭཱ་ཧཱ། བདག་འཇིགས་པ་དང་། གནོད་པ་དང་། ནད་འགྲོ་བ་དང་། འཁྲུག་པ་ཐམས་ཅད་དང་། གཤེད་བྱེད་དང་། བྱད་ཐམས་ཅད་དང་། ནད་ཐམས་ཅད་དང་། གདོན་ཐམས་ཅད་དང་།
76a3 སྡིག་པ་ཐམས་ཅད་དང་། བཟའ་ཉེས་དང་། སྒོམ་ཉེས་དང་། གནོད་སྒྲིབ་དང་། གནོད་ལྟས་ཐམས་ཅད་ལས་སྲུང་དུ་གསོལ་སྲུང་དུ་གསོལ་སྭཱ་ཧཱ། ཕྱིར་ལྡོག་རྣམ་པར་རྒྱལ་བ་ཅན།། རྒྱལ་བ་འབྱུང་བ་གསུང
76a4 པ་འདི། ། གང་གི་མགུལ་དུ་འདི་བཏགས་པ།། དེ་ནི་རྒྱལ་འགྱུར་ཐེ་ཚོམ་མེད།། སྡིག་དང་རྨི་ངན་བཀྲ་མི་ཤིས།། རྒྱལ་པོ་མེད་དང་ཆོམ་རྐུན་དགྲ།། དེ་དག་རྣམས་ཀྱིས་དེ་མི་ཚུགས།། གང་གི་མགུལ
76a5 དུ་འདི་བཏགས་པ། ། དེ་ནི་ཆུ་ཡིས་ཁྱེར་མི་འགྱུར།། སྡིག་པ་ཡང་དགའབྱང་བར་འགྱུར།། དགེ་བ་རྣམས་ནི་རྟག་ཏུ་འཕེལ།། ནད་མེད་པ་ཡང་འཐོབ་པར་འགྱུར།། ཕྱིར་བཟློག་པ་འཕགས་པ་རྣམ་པར
76a6 རྒྱལ་བ་ཅན་ཞེས་བྱ་བ་རྫོགས་སོ། ། འཕགས་པ་བརྞ་ཤ་བ་རིའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ
76a7 བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།།




iiif viewer powered by OpenSeadragon

75b - 76b

Texts on this page

S686 - phyir zlog pa 'phags pa rnam par rgyal ba can zhes bya ba
S687 - 'phags pa pa r+N+Na sha ba ri'i mdo