e-texts navigator
Collection
Volume
Page
Wylie

97b1 བཀའ་སྩལ་བས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས། སྤྱན་རས་གཟིགས་དབང་ཕྱུག་གི་མ་ཞེས་བྱ་བའི་གཟུངས་ཀྱི་རིག་སྔགས་ཀྱི་གསང
97b2 སྔགས་ཀྱི་གཞི་འདི་དག་སྨྲས་སོ། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས
97b3 དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། ། དེ་དག་ལ་ཕྱག་འཚལ་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ
97b4 བའི་གཟུངས་རིག་སྔགས་ཆེན་མོའི་གསང་སྔགས་ཀྱི་གཞི་འདི་དག་བརྗོད་པར་བྱའོ། ། བདག་ལ་རིག་པ་འདི་གྲུབ་པར་གྱུར་ཅིག། ཏདྱ་ཐཱ། ཨི་ལི་མི་ལི། ཙི་ལེ་མེ་ལེ། ཀུན་ཏུ་ལེ་ཀུན་ཏུ་ལེ།
97b5 ཀུན་ཏུ་ལེ་སི་རེ། སི་སི་རེ། བཻ་སི་རེ། བི་ར་ཡ། བི་ར་སེ། གཽ་རི། གནྡྷ་རི། དྷརྨ་ཊེ། མ་ཏཾ་གི། པུཀྐ་སི། ཀཌྜྷྱ་ཡ། མཱ་ལ་ཙཎྜཱ་ལི། ཧུདྡྷ་མཱ་ལི་ནི། ཧཱུཾ་རྦུ་དྷུ་མཱ་ལི་ནི། ཙི་ལེ་མི་ལེ། གྲིཧྞ་སཽ་མ་དཪྴ་ནེ
97b6 ཀུ་རུ་ཙནྡྲ་མུ་ལི། ལ་གྷུ་མཱ་ན་ལ་མ་ཏེ། ཨཱརྱ་དིཀྵ་ཎ་བྷུ་ཛེ། སར་པདྨ་ནཱ་མ། པྲ་སཱ་དྷ་ནེ། སརྦ་བིདྱ་ནཱ་མ། ཨཱི་ཤྭ་རི་སྭཱཿ། བཀླགས་པས་འགྲུབ་པའི་གཟུངས་འདིའི་ཆོ་ག་ནི་འདི་ཡིན་ཏེ། ཐོས་མ
97b7 ཐག་ཏུ་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། ། འཇིགས་པ་ཐམས་ཅད་ལས་སྲུང་ངོ་།། དུས་གསུམ་དུ་བཟླས་པ་བྱས་ན། ཞག་བདུན་གྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་མཐོང




iiif viewer powered by OpenSeadragon

97a - 98a

Texts on this page

S675 - 'phags pa spyan ras gzigs dbang phyug gi yum zhes bya ba'i gzungs