| | e-texts navigator
|
91a1 པ་སྦྲུལ་དང་འདྲེ་སྲིན་ཕྲད་གྱུར་ཀྱང་། ། གཟུངས་འདི་འདོན་པ་ཐོས་ན་གནོད་མི་ནུས།། གང་ཞིག་ཆུ་བོ་རྒྱ་མཚོར་ཞུགས་པ་ལས།། གདུག་པའི་ཀླུ་དང་ཆུ་སྲིན་མ་རུངས་དང་།། གནོད
91a2 སྦྱིན་སྲིན་པོ་ཉ་དང་རུས་སྦལ་དག། གཟུངས་འདི་ཐོས་ནས་སོ་སོར་འབྱེར་བར་འགྱུར།། གང་ཞིག་གཡུལ་སྤྱོད་དགྲ་ཡིས་བསྐོར་བ་འམ།། ཆོམ་རྐུན་མ་རུངས་ནོར་ནི་འབྲོག་པའི་ཚེ།། རྩེ་གཅིག
91a3 ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། ། དེ་དག་བརྩེ་སེམས་བསྐྱེད་ནས་ལྡོག་པར་འགྱུར།། གང་ཞིག་རྒྱལ་པོའི་གྱོད་ལ་ཐོག་པ་དང་།། ལྕགས་སྒྲོག་ཁོང་སྒྲིལ་བཙོན་རང་ཆུད་པའི་ཚེ།།
91a4 གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན།། རྒྱལ་པོས་བརྩེ་སེམས་ཀྱིས་ནི་གཏོང་བར་འགྱུར།། གང་ཞིག་བྱེད་སྟེམས་དུག་མའི་ཁྱིམ་ཞུགས་ཏེ།། ཟས་སྐོམ་དུག་ཅན་གྱིས་ནི་གསོད་པའི་ཚེ
91a5 རྩེ་གཅིག་ཐུག་རྗེ་ཆེན་པོའི་གཟུངས་བཟླས་ན། ། དུག་ཉིད་ཟིལ་མནན་ཟས་སྐོམ་ཉིད་དུ་འགྱུར།། བུད་མེད་སྦྲུམ་མ་བུ་ནི་བཙའ་བའི་ཚེ།། བདུད་ཀྱིས་བགེགས་བྱས་སྡུག་བསྔལ་མི་བཟོད་དེ།།
91a6 རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན།། འདྲེ་གདོན་བྱེར་ནས་བུ་ནི་བཙའ་བར་འགྱུར།། ཀླུ་གདོན་གཏུམ་པོས་གདུག་པའི་དབུགས་བཏང་བས།། ཚ་བའི་ནད་ཀྱིས་བཏབ་ནས་འཆི
91a7 ཉེ་ཚེ། ། རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན།། རིམས་ནད་བསལ་ནས་ཚེ་ནི་རིང་བར་འགྱུར།། ཀླུ་གདོན་རྒྱུ་བས་གཙེས་ཏེ་སྐྲངས་པ་དང་།། ཤུ་འབྲས་མི་བཟད་རྣག་ཁྲག་འཛག
iiif viewer powered by OpenSeadragon
90b - 91b