e-texts navigator
Collection
Volume
Page
Wylie

531a1 @དེ་ལ་འདི་རྣམས་ཡང་དག་སྦྱར་བྱ་བ།། ཡམས་ནི་བདེ་བར་བྱ་དང་མཁས་པ་ཕྱག་འཚལ་བ།། རིག་གསུམ་ལ་ཡང་ཐུན་མོང་ཕྱག་རྒྱ་ནི།། དེ་རྣམས་ཉེ་བར་དྲངས་པ་ཕྱག་འཚལ་ཕྱག་རྒྱ་ནི།།
531a2 གཡས་པའི་སོར་མོའི་ཚོགས་ལ་ཚོགས་ཀྱི་རྩེ་མོ་ཀུན།། ཕྱག་རྒྱ་ཉིད་ནི་རྗེས་སུ་བཅིངས་པར་གྱིས་ཤིག་དང་།། རྟག་ཏུ་གསོལ་བ་འདེབས་ལ་གཙང་མ་གསོལ་འདེབས་པའི།། ཕྱག་རྒྱ་དེ་བཞིན་ཁོ་ནར་གཡས་པ་སོར་མོ་ཆེ
531a3 ཚིགས་རྣམས་ཚིགས་སུ་བྱས་ནས་རྗེས་སུ་ཡི་རང་བྱ། ། མཆོད་པ་ཐམས་ཅད་ཁོ་ན་གཙང་མས་རྟག་ཏུ་ནི།། མཆོད་པ་རྟག་ཏུ་རྗེས་སུ་ཡི་རང་བྱེད་པ་དང་།། སོར་མོ་རྣམས་ཀྱི་བདུད་རྩི་ཐམས་ཅད་ཡང་དག་ལྡན།། ཚིགས་ཀྱིས་རྩེ་མོ
531a4 མཐེ་བོང་སྙིང་པོར་ཡང་དག་ལྡན། ། འདི་རྣམས་རྒྱལ་བ་ཡི་ནི་ཕྱག་རྒྱར་འགྱུར།། སོར་མོའི་རྩེ་མོ་ཡང་དག་སྦྱར་བ་གུང་མོ་དང་།། མཐེ་བོང་གཉིས་ཀར་གང་དུ་མི་འགྱུར་ཕྱག་རྒྱ་ཡིས།། བཟླས་པས་མཆོག་སྦྱིན་ཡིད་ཀྱི་བཟླས
531a5 པའི་ཕྱག་རྒྱའོ། ། དེ་ནས་ཡང་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཐམས་ཅད་རང་རང་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་པའི་མཚན་མ་སྟོན་པར་མཛད་བཞིན་པས་སླར་བཞེངས་པའི་མཚན་མ་མཛད་དོ།།
531a6 དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་ས་དང་ནམ་མཁའ་ལ་གནས་པ་དང་། སེམས་ཅན་རབ་ཏུ་འགུལ་བ་དང་། ཐམས་ཅད་དང་ལྡན་པའི་ས་འདིར་རང་འགུལ་བས་སྐྲག་ཅིང་མེ་ཏོག་གི་ཆར་འབབ་པ་དང་། བར་སྣང
531a7 ལ་སྤྱོད་པའི་འབྱུང་པོ་བྱེ་བས་ཐམས་ཅད་དུ་འགྲོ་བའི་གདུག་པ་རབ་ཏུ་བཏུལ་ལོ། ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ཀྱིས། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཡོངས་སུ་ཞུས་པ།




iiif viewer powered by OpenSeadragon

530b - 531b

Texts on this page

S683 - ral pa gyen brdzes kyi rtog pa chen po