| | e-texts navigator
|
49b1 བང་སྲུང་པོ་འཁྱིལ་པ་མང་པོས་དགུ་ཁེབས་པ། འོད་དཔག་མེད་ཀྱིས་འོད་ཟེར་བཏང་བ། འབར་བའི་འོད་འདོས་གང་གིས་གསེར་གྱི་བོ་ལྟར་ལྡན་པར་གྲགས་པ། ཀཱའི་བཛིན་ག
49b2 ཟུགས་འཆར་ཀའི་རི་ལྟ་བུ་གཙུག་ཏོར་མངའ་བ། ནོར་བུ་རབ་ཏུ་འབར་བ་མཆོད་ཕྱིར་ཐོགས་པ་སྐུ་ལ་སེ་རལ་དུ་ཐོགས་པ། ས་རབ་ཏུ་རྣམ་པར་འབྱེད་པ། ཕ་རོལ་ཏུ་ཕྱིན་པ་བཅུའི་ཞབས
49b3 དང་ལྡན་པ། ཚུལ་ཁྲིམས་མ་ཉམས་པ། ཚུལ་ཁྲིམས་མ་ཞིག་པ། སེང་གེ་ལྟར་ཐོང་ཀ་ཕེལ་ཀ་ཆེ་བ། སྐུ་འཇམ་ཞིང་མཛེས་པ། གཟིགས་པ་དང་གཤེགས་སྟབས་ཁྱུ་མཆོག་གི་དབང་པོ་འདྲ་བ།།
49b4 མཁུར་བ་གཡས་སུ་འཁྱིལ་པ། དཔྲལ་བ་ཆེ་ཞིང་ཟླ་བ་ཁམ་པ་འདྲ་ལ་ཐིག་ལེ་མངའ་བ། ཕྱག་པུས་མོར་བསླེབ་པ། སྨིན་མ་བར་མ་ཆད་པ། ཤངས་མཐོ་བ། མགུར་བུམ་པའི་མགྲིན་པ
49b5 འདྲ་བ། ཕྱག་སོར་མོ་དང་ཚིགས་རིང་བ། སེན་མོ་འཇམ་ཞིང་ཟངས་ཀྱི་མདོག་འདྲ་བ། ཕྱག་བར་དྲ་བས་འབྲེལ་བ། ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོས་བརྒྱན་པ། སྟོན་ཀའི་པདྨ་འདྲ་བ།
49b6 སྐུ་འཇམ་ཞིང་རྒྱས་པ། ཚངས་པ་ལྟར་དབྱངས་ཟབ་པ། ཡིད་དུ་མཆི་བ། སྡུག་པ། བལྟ་ན་སྡུག་པ། ཉམས་དགའ་བར་བགྱིད་པ། འོད་པདྨ་འདྲ་བ། པདྨ་ལས་འཁྲུངས་པ། བདྨ
49b7 ལས་བྱུང་བ། པདྨའི་གདན་ལ་བཞུགས་པ། ཕྱག་ན་པདྨ་མངའ་བ། ཕྱག་ན་རོལ་པ་སྤྱི་བླུགས་བསྣམས་པ། རི་དགས་ནག་པོའི་པགས་པ་མནབས་པ། ཕྱག་འཁར་བསྣམས་པ། བགྲང
iiif viewer powered by OpenSeadragon
49a - 50a