e-texts navigator
Collection
Volume
Page
Wylie

495b1 སྐྱོ་མ་དང་། འོ་ཐུག་རྣམས་ལྷོའི་ཕྱོགས་སུ་བདུག་པ་དང་། འབྲས་ཡོས་དང་། ཡུངས་ཀར་དང་། ཏིལ་དང་། འབྲས་ཐུག་པོ་ཆེ་རྣམས་བསྲེས་པ་དང་། ཏིལ་གྱི་ཐུག་པ་དང་། ཆང་གིས་བཀང་བའང
495b2 གྲུལ་བུམ་རྣམས་ལ་དབུལ་བར་བྱའོ། ། ནུབ་ཀྱི་ཕྱོགས་སུ་མར་དང་གུ་གུལ་གྱི་བདུག་པ་དབུལ་ཞིང་། འོ་མས་བཀང་བ་དང་འོ་ཐུག་རྣམས་ཀྱང་ཀླུ་དང་འདབ་བཟངས་རྣམས་ལ་གཏོར་མ་དབུལ་བར་བྱའོ།།
495b3 བྱང་གི་ཕྱོགས་སུ་ཀུན་ཏུ་རུའི་བདུག་པ་དང་། རྩ་བ་མོ་དང་། ཞོ་ཟན་ཡང་གནོད་སྦྱིན་རྣམས་ལ་དབུལ་བར་བྱའོ།། ཀུན་ཏུ་རུ་ཀ་མ་རྙེད་ན་ཙན་དན་བཏགས་པའམ། སྲ་རྩི་པོག་ཀྱང་རུང་ངོ་།། ཕྱེའི་སྐྱོ་མ
495b4 དང་སྦྲང་རྩིས་བཀང་བའང་ཕྱོགས་བཞིར་རབ་ཏུ་གྲགས་ཤིང་། ཇི་སྐད་བརྗོད་པའི་ཡུལ་འཁོར་སྲུང་ལ་སོགས་པའི་བཟའ་བ་ཤེས་པའི་གནས་ཀྱིས་བརྟགས་པར་བྱས་པ། ཆུ་ཀླུང་འཁྱིལ་པས་བཀང་བའི
495b5 བུམ་པ་རེ་རེ་འབྲུ་དང་། ཇི་ལྟར་རྙེད་པའི་རྒྱ་ཤུག་དང་། ཨུ་དུམ་བ་ར་དང་། ཁརྫུ་ར་དང་། རྒུན་འབྲུམ་ལ་སོགས་པ་རྣམས་དབུལ་བར་བྱའོ།། ས་བོན་ཐམས་ཅད་ཀྱང་ཉུང་ངུ་ཉུང་ངུ་ལྷག་མ་དང་བཅས་པ
495b6 བྱའོ། ། དེ་ལ་གལ་ཏེ་རིག་པ་བསྒྲུབ་པར་བྱ་བཞིན་པ་ལ་ཤར་གྱི་ཕྱོགས་སུ་ཅེ་སྤྱང་མོའི་སྒྲ་གྲགས་པར་གྱུར་ན། དེ་ལ་གནས་ནས་འདས་པས་ཤར་གྱི་ཕྱོགས་གང་ཡིན་པར་གཏོར་མ་ལྷག་མ་དང་བཅས་པར
495b7 གཞག་སྟེ། རྟག་ཏུ་གཏོར་བར་བྱའོ།། གལ་ཏེ་ལྷོའི་ཕྱོགས་སུ་གཏོར་མ་ལྷག་མ་དང་བཅས་པ་བཞག་པ་ཅན་གྱིས་གནས་དེར་འཇིགས་པ་འཇིགས་པས་གཏོར་བར་བྱའོ།། དེ་བཞིན་དུ་ནུབ་དང་བྱང་གི




iiif viewer powered by OpenSeadragon

495a - 496a

Texts on this page

S683 - ral pa gyen brdzes kyi rtog pa chen po