e-texts navigator
Collection
Volume
Page
Wylie

47b1 ན་པདྨ་བཟང་པོ་བསྣམས། ། རིལ་བ་སྤྱི་བླུགས་ཕྱག་ན་བསྣམས།། ཁྲི་སྙན་ས་ལེའི་པགས་པ་མནབས།། དབྱུག་པ་དང་ནི་བགྲང་འཕྲེང་འཛིན།། བཀྲ་ཤིས་དག་གིས་གཙང་མར་གྱུར།། སྔ་ནས
47b2 གསུང་ཞིང་གསོང་པོར་གསུངས། ། བདུད་རྩིའི་ཆར་ནི་རབ་ཏུ་འབེབས།། ཡིད་བཞིན་ནོར་བུ་རིན་ཆེན་འདྲ།། སེམས་ཅན་ཐམས་ཅད་དགའ་བར་མཛད།། བཟང་པོ་སྣང་བའི་ལྗོན་ཤིང་ལྟར།།
47b3 སེམས་ཅན་ཀུན་གྱི་གསོས་སུ་འགྱུར།། སངས་རྒྱས་ཀྱི་ནི་སྤྲུལ་པ་ལགས།། བདེ་བར་གཤེགས་པའི་ཆ་ལུགས་མངའ།། བདེ་བར་གཤེགས་པའི་རིང་བསྲེལ་འཛིན།། བ་སྤ་ཉག་མ་རེ་རེ་ཡང་།།
47b4 སེམས་ཅན་རྣམས་ཀྱི་གཙོ་བོར་འགྱུར།། བསོད་ནམས་མཛད་ཅིང་དགེ་བ་མཛད།། བཤོལ་བ་མེད་ཅིང་ངེས་པར་མཛད།། རབ་ཏུ་དྲག་པའི་བརྩོན་འགྲུས་ཅན།། འཁོར་བ་དག་ལས་རབ་ཏུ་བརྒལ།།
47b5 དམ་ཆོས་རྒྱལ་མཚན་མངའ་གསོལ་བ།། ཡིད་བཞིན་འཁོར་ལོ་དགེ་བ་སྦྱོར།། དོན་ཡོད་ཞགས་པ་སྡུག་བསྔལ་འདྲེན།། ཧ་ཡ་གྲཱི་བ་བདུད་བཞི་འཇོམས།། ཀྲོ་དྷ་མགྲིན་སྔོན་གདུག་པ་སེལ།།
47b6 ལྷ་མོ་སྒྲོལ་མ་རྗེས་སུ་འབྲང་།། ཁྲོ་གཉེར་ཅན་ནི་བཀའ་བཞིན་བྱེད།། རྒྱལ་བ་ཅན་ནི་ཚུལ་དང་ལྡན།། མཐུ་ཆེན་ལྡན་ཞིང་དབང་དང་ལྡན།། ཡོན་ཏན་ལྡན་ཞིང་བྱམས་དང་ལྡན།། ཤེས་རབ་ལྡན་ཞིང
47b7 དཔལ་དང་ལྡན། ། ཚུལ་ཁྲིམས་ལྡན་ཞིང་དོན་དང་ལྡན།། དོན་རྣམས་ཀུན་ནི་རིག་པ་པོ།། ཐེ་ཙོམ་ཐམས་ཅད་གཅོད་པ་པོ།། ཆོས་རྣམས་ཐམས་ཅད་སྨྲ་བ་བོ།། འཇིག་རྟེན་རྣམས་ཀྱི་སྟོན་པ




iiif viewer powered by OpenSeadragon

47a - 48a

Texts on this page

S658 - 'phags pa spyan ras gzigs dbang phyug gi mtshan brgya rtsa brgyad pa