| | e-texts navigator
|
47a1 དབུ་ཡི་ཐོར་ཙུགས་དག་དང་ལྡན།། ཟོར་ཚུགས་མང་པོས་ཉེ་བར་གཡོགས།། དབུ་ལ་འོད་དཔག་མེད་པ་བཞུགས།། འོད་ཟེར་དག་ནི་རྣམ་པར་འགྲོ།། འོད་འཕྲོ་འདོམ་གང་རབ་ཏུ་འབར།།
47a2 གསེར་གྱི་རི་འདྲ་གྲགས་པས་ཁྱབ།། གཟི་བརྗིད་དག་ཀྱང་རབ་ཏུ་ཆེ།། ཤར་གྱི་རི་ལ་འཆར་བ་ཡི།། ཉི་མའི་གཙུག་གཏོར་དག་དང་ལྡན།། ནོར་བུ་རིན་ཆེན་འབར་བ་ཡིས།། སེ་རལ་ཁར་ནི་སྐུ་ཕྱེད་བརྒྱན
47a3 ས་དག་ལ་ནི་རབ་ཏུ་མཁས། ། ཕ་རོལ་ཕྱིན་པ་བཅུ་རྣམས་སྤྱོད།། ཚུལ་ཁྲིམས་མ་ཉམས་རལ་པ་མེད།། མཐོན་ཀ་སེང་གེའི་རལ་པ་འདྲ།། སྐུ་ནི་འཇམ་ཞིང་ལྡེམ་བག་ཅན།། གཟིགས་ཤིང
47a4 གཤེགས་པ་ཁྱུ་མཆོག་འདྲ། ། གཡས་སུ་འཁྱིལ་བའི་དུང་ཡང་འདྲ།། དཔྲལ་བ་ཟླ་བ་ཁམ་པ་འདྲ།། དཔྲལ་བའི་དབྱིབས་ཀྱི་རྒྱ་ཡང་ཆེ།། སྨིན་མཚམས་པར་ཡང་ཡོང་མ་ཆད།། ཤངས་ཀྱི་དབྱིབས
47a5 ཀྱང་ཅུང་ཟད་མཐོ། ། མགུར་ཡང་བུམ་པའི་མགྲིན་པ་འདྲ།། དཔུང་པ་དག་ཀྱང་རབ་ཏུ་ཟླུམ།། ཕྱག་སོར་རྣམས་ཀྱི་ཚིགས་ཀྱང་རིང་།། སོར་མོ་འཇམ་ཞིང་ཅུང་ཟད་དམར།། ཕྱག་སོར་རྣམས་ཀྱི་བར
47a6 འབྲེལ་བ། ། ཕྱག་དང་ཞབས་ཀྱི་མཐིལ་རྣམས་ལ།། འཁོར་ལོ་དག་གིས་རབ་ཏུ་བརྒྱན།། སྟོན་ཀའི་པདྨ་འདྲ་བར་མཛེས།། སྐུ་མདངས་འཇམ་ཤིང་ཤངས་ཀྱང་རྒྱས།། གསུང་ནི་ཚངས་པའི་དབྱངས
47a7 ལྟར་སྙན། ། ཡིད་དུ་འོང་ཞིང་དགའ་བར་འགྱུར།། བལྟ་ན་སྡུག་ཅིང་མདངས་དགའ་བ།། པདྨ་ལས་འཁྲུངས་པདྨ་འདྲ།། པདྨ་དག་ལས་ཀུན་ཏུ་སྐྱེས།། པདྨ་དག་གི་གདན་ལ་བཞུགས།། ཕྱག
iiif viewer powered by OpenSeadragon
46b - 47b