| | e-texts navigator
|
476b1 ལྕགས་ཀྱུ་ལྕགས་ཀྱུ་ལག་ན་ཐོགས་པ། གཞན་དུ་རྡོ་རྗེ་ལྕགས་སྒྲོག་ལྕགས་སྒྲོག་ལག་ན་ཐོགས་པ། ཐམས་ཅད་ཀྱང་རིའི་རྩེ་མོ་ལ་ཡང་དག་པར་གནས་པར་བྱའོ།། དབང་ལྡན་གྱི་ཕྱོགས་ལ་བརྟེན་པའི་ལྷ་ཆེན་པོ
476b2 ཆུང་མ་དང་བཅས་པ། ཁྱུ་མཆོག་དང་བཅས་པ་ཡང་དག་པར་བྲིའོ།། གཞན་རྣམ་པ་གསུམ་རིམ་གྱིས་མཚོན་ཆ་དང་། གནས་དང་བཅས་པ་ཇི་ལྟ་བ་བཞིན་དུ་བྲི་བར་བྱ།། བྷཱི་གི་རི་ཊི་དང་། དགའ་བྱེད་དང་།
476b3 ནག་པོ་ཆེན་པོ་རྣམས་སོ།། ནུབ་ཏུ་མི་སྦྱིན་དང་། ཏུམ་བུ་རུ་དང་། འོད་སྲུངས་དང་། སྣ་ཚོགས་བཤེས་གཉེན་ལ་སོགས་པ་རྣམས་རིལ་བ་སྤྱི་བླུགས་དང་། ཆུ་སྣོད་ཕྱག་ན་བསྣམས་པའོ།། ནང་གི་ཆར་གྲུ་བྱའོ།།
476b4 ཁྲོན་པ་དང་། སྲོག་ཤིང་བསྒྲེང་བ་དང་། ཏ་ཏསྟུ་བྲིའོ།། སྟོད་གཡོགས་ལྗང་ཁུ་ཅན། ལག་ན་བེ་ཅོན་ཐོགས་པ། ཅོད་པན་གྱིས་བརྒྱན་པ། ཕྱག་ན་ཏོག་སྐྱོང་བ་བསྣམས་པ། རྣ་བ་ལ་རྒྱ་སྐྱེགས་ཀྱིས་བརྒྱན་པའོ།།
476b5 རྒྱལ་བ་དཀར་པོ་ཕྱག་ན་རྡོ་རྗེ་ཐོགས་པ། སྟོད་གཡོགས་དང་སྨད་གཡོགས་ཅན་ནོ།། རྣམ་པར་རྒྱལ་བ་ལུས་དམར་པོ། ཕྱག་ན་གཏུན་ཤིང་ཐོགས་པ། གོས་དམར་པོའི་སྟོད་གཡོགས་ཅན། གསེར་གྱི་ཁ་དོག
476b6 ཅན་གྱི་གཞུ་ཕྱག་ན་བསྣམས་པའོ། ། གཞན་གྱིས་མི་ཐུབ་པ་ནག་མོ། གོས་ཁྲ་བོའི་སྟོད་གཡོགས་ཅན། གོས་ནག་པོའི་ཤམ་ཐབས་ཅན། ཕྱག་ན་རལ་གྲི་ཐོགས་པ། གྲུ་ལ་ཞོན་པའོ།། དེ་ནས་ཟླ་བ་དང་།
476b7 ཉི་མ་དང་། ལྷ་རྣམས་དང་། ནང་དུ་པདྨ་རབ་ཏུ་གཏོར་བ་བྲི་བར་བྱའོ།། བྱང་གི་སྒོར་ལོག་འདྲེན་ཆེན་པོ་གཡས་ཀྱི་གཞོགས་སུ་ཆུ་བོ་རབ་མེད་ཁོར་ཡུག་ཏུ་རྡོ་རྗེ་དང་། དུང་དང་། ལ་ད་དང་། དཔལ་ལེའུ་རྣམས
iiif viewer powered by OpenSeadragon
476a - 477a