e-texts navigator
Collection
Volume
Page
Wylie

471a1 @བེ་ཅན་ཞེས་བཤད། ། རྩེ་གསུམ་ཀུན་དང་ཐ་ཕྱེད་དང་།། རལ་པ་མིག་ལ་སོགས་པ་དང་།། ཁྲུ་མཆོག་སྒྲ་དང་དྲག་པོ་དང་།། དབང་ལྡན་རྣམས་ཏེ་བདུན་དུ་གྲགས།། ཤཀྟི་གདེངས
471a2 ཀ་བ་དན་དང་། ། ཁྱིམ་བྱ་དེ་བཞིན་རྨ་བྱའི་མཇུག། ཕྱག་རྒྱ་གཞོན་ནུ་མ་ཅན་བཤད།། འཁོར་ལོ་དུང་དང་བེ་ཅོན་ཉིད།། རལ་གྲི་ཕུབ་ཉིད་ནམ་མཁའ་ལྡིང་།། མགོ་ཉིད་ཕྱག་རྒྱ་ཁྱབ་འཇུག་བཤད།། ཆེ་བ
471a3 སྤྲིན་ནི་ལྷ་ཆེན་པོའི། ། བུམ་པ་ཏུན་ཤིང་དེ་བཞིན་དུ།། ངང་པའང་གཡོན་གཞོགས་ཕྱག་རྒྱ་སྟེ།། ཕྱག་རྒྱ་ཝ་ཧི་རི་དཀར་བཤད།། ནམ་གྲུ་རྣམས་དང་གཏོར་བན་དང་།། རྒན་པོ་གཏུམ་པོ་མཐོང་བ་ནི།།
471a4 ནམ་གྲུ་དཀར་པོ་རྣམས་ཀྱི་རྒྱ།། རང་གི་གཟུགས་ཉིད་མཐོང་བ་ནི།། མདངས་འཕྲོག་རྣམས་ཀྱིའོ་ལྷུང་བཟེད་དམ།། གདེག་པར་བྱེད་པ་གྲོལ་བའོ།། དེ་ནས་མཆོག་ཏུ་གསང་བའི་དཀྱིལ་འཁོར་འབྱུང
471a5 སྟེ། བྱེད་པ་ཐམས་ཅད་དགེ་བ་ལ། ཤིང་གཅིག་གམ། དུར་ཁྲོད་དམ། ཁང་སྟོང་གཙང་མ་ཚ་སྒོ་མེད་པའི་ས་གཞི་མཐོང་ནས་སྒྲུབ་པ་པོ་ཁྲོས་པས་ས་ལ་མ་ལྷུང་བའི་བ་ལང་གི་ལྕི་བས་དཀྱིལ་འཁོར་ཉ
471a6 བར་བྱུགས་ཏེ་རེ་ཁ་གསུམ་དེར་བྱའོ། ། ཀུན་ནས་ཁྲུ་བཞི་པ་ལ་དང་པོར་ཐལ་བའི་རེ་ཁའོ།། གཉིས་པ་རིའི་བཙག་གིའོ།། གསུམ་པ་སོལ་བའི་ཕྱེ་མས་རབ་ཏུ་འབད་པས་བྲི་བར་བྱའོ།། བྱུང་ངམ་ནུབ་ཏུའང
471a7 སྒོ་གཅོག་བྱེད་དུ་གཞུག་གོ། ། སྒོའི་དབུས་སུའང་ལྷ་ཆེན་པོ་ལག་ན་མདུང་ཐོགས་པ་བྱའོ།། སྣམ་བུའི་ནང་དུ་སངས་རྒྱས་བདེན་པར་རྨད་དུ་བྱུང་བའི་བདག་ཉིད་ཅན་བྱའོ།། སངས་རྒྱས་ཀྱི་གཡས་ཀྱི་གཞོ།




iiif viewer powered by OpenSeadragon

470b - 471b

Texts on this page

S683 - ral pa gyen brdzes kyi rtog pa chen po