| | e-texts navigator
|
452b1 ཀའི་རྩ་བ་དང་། ལྕགས་ཀྱི་ཕྱེ་མ་དང་། གི་རི་ཀརྞི་དང་། འབྲུའི་ཕུབ་མ་དང་། རུ་རྟ་དང་། རྒྱ་སྤོས་དང་། སྦྲང་རྩི་དང་། པི་པི་ལིང་དང་། ཏུ་རུ་སྐ་རྣམས་གཅིག་ཏུ་བྱས་ནས་ཕྱེ་མ་ཞིབ་མོར་བྱེད་དུ་གཞུག་གོ། དེ་ནས
452b2 སེར་སྐྱ་རྒྱུད་མཚུངས་པའི་བའི་འོ་མ་བླངས་ནས་བུ་མོས་བསྲུབས་པའི་མར་གསར་གྱིས་གཅིག་ཏུ་བྱས་ནས་ཕྱེ་མ་དེས་རྒྱ་ཤུག་གི་ཚིག་གུ་ཙམ་གྱི་རིལ་བུ་བྱེད་དུ་གཞུག་གོ། དེ་ནས་དཀར་པོའི་བརྒྱད་པའམ་དཀར་པོའི་བཅུ
452b3 བཞི་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས། ཡན་ལག་བརྒྱད་པའི་གསོ་སྦྱོང་ཅན་གྱིས་རིལ་བུ་ལྔ་ཙམ་བླངས་ཏེ། ཨ་ཤྭཏྠའི་འདབ་མའི་ནང་དུ་གཏུམ་པ་བྱས་ནས་རས་རིས་ཀྱི་སྤྱན་སྔར་བགྲང་འཕྲེང་དང་། ཏིལ་མར
452b4 དང་ཕྱེ་མ་ལ་སོགས་པ་གཞན་ལ་སྦྱིན་པར་བྱའོ། ། ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་མཆོད་པའི་ཆོ་ག་བྱས་པས་ལག་པ་གཡས་པས་མནན་ཏེ་ཇི་སྲིད་དུ་བ་འཐུལ་པ་དེ་སྲིད་དུ་བཟླས་པར་བྱའོ།། ཡང་དག་པར་བགོས་ཏེ
452b5 ཁར་བཅུག་པས་མི་སྣང་བར་འགྱུར་རོ། ། ལྷ་གཟུགས་ཅན་རྣམས་འོང་ངོ་།། གྲུབ་པ་རྣམས་ཐམས་ཅད་འཐོན་ནས་མཐོང་ངོ་།། ལོ་བརྒྱ་ཕྲག་ལྔར་འཚོ་བར་བྱེད་དོ།། དེ་ནས་འབར་བྱེད་ནམ་མཁའ་ལ་འགྲོ་བར་འགྱུར
452b6 རོ། ། དངོས་གྲུབ་རྣམ་པ་གཉིས་སོ།། འདིའི་ང་བཅོམ་ལྡན་འདས་མའི་རྩ་བའི་རིག་པའི་ལས་སྒྲུབ་པའི་ཐབས་སུ་འགྱུར་རོ།། གསུམ་པའམ་བདུན་པའི་སྒྲུབ་པ་ལ་མཚམས་མེད་པ་ལྔ་བྱེད་པའང་འགྲུབ་པར་འགྱུར་རོ།།
452b7 རྩ་བའི་སྙིང་པོས་ཀྱང་ལས་འདི་རྣམས་གྲུབ་པར་བྱེད་པ་དེ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་དོ།། བཅོམ་ལྡན་འདས་མའི་རྩ་བའི་རྟོག་པར་སྒྲུབ་ཐབས་ཐམས་ཅད་ཅེས་བྱ་བ་འདི་རྫོགས་སོ།། །
iiif viewer powered by OpenSeadragon
452a - 453a