e-texts navigator
Collection
Volume
Page
Wylie

451b1 དུབས་མ་སྣང་བའོ།། འབ་བས་ནམ་མཁའ་ལ་འཇོག།། ལོ་སྟོང་ཕྲག་བཅུང་འཚ་བར་བྱེད་དོ།། སེམས་ཅན་ཐམས་ཅད་ཀྱིས་མི་ཚུགས་ས།། དེ་བཞིན་དུ་མིག་སྨན་འཐསྒྲུ་པར་བྱེད་པ་དང་། གསུམ་ལཆ
451b2 དཀར་པོའི་བཅོ་ལྔ་ལ་པདྨའི་འདབ་མར་བཞག་སྟེ་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ལག་པ་ཁ་སྦྱོར་གྱིས་བླངས་ཏེ། ཇི་སྲིད་དྲོ་བ་དང་། དུ་བ་འཐུལ་བ་དང་། འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། འདི་ཉིད
451b3 ལ་དངོས་གྲུབ་རྣམ་པ་གསུམ་མོ། ། རས་རིས་ཀྱི་སྤྱན་སྔར་འབུམ་ཕྲག་བཅུར་ཟློས་ཤིག། དེ་ནས་བཟོ་བོ་དབང་པོ་མ་ཚང་བ་མིན་པ་གསོ་སྦྱོང་ཅན་གྱིས་ལྕགས་གསུམ་གྱིས་པདྨ་འདབ་མ་བཅུ་པ་འམ། བརྒྱད་པ་གདན་དང
451b4 རྒྱན་གྱིས་བརྒྱན་པ་བྱས་ནས། དེ་ནས་གུར་ཀུམ་དང་། གིའུ་ཝང་དང་། ག་པུར་རྣམས་ནམ་མཁའི་ཆུས་བཏགས་པ་པདྨར་ཆུག་ཅིག། དཀར་པོའི་བརྒྱད་པ་ལ་རས་རིས་ལ་མཆོད་པ་ཆེན་པོ་བྱས་ནས་མཚན་མོ་གསུམ
451b5 དུ་སྨྱུང་བར་གནས་པས་སྐྱིལ་མོ་ཀྲུང་གིས་འདུག་སྟེ་སྡིག་པ་བཤགས་པ་དང་། གསོལ་བ་གདབ་པ་ལ་སོགས་པ་བྱས་ནས་ལག་པ་གཡས་པས་པདྨ་བླངས་ནས། ཇི་སྲིད་དུ་འབར་བ་དེ་སྲིད་དུ་བཟླས་པར་བྱའོ།། དེ་ནས
451b6 པདྨ་དེས་འཁོར་དང་བཅས་པ་རིག་པར་འགྱུར་རོ། ། སེམས་ཅན་ཐམས་ཅད་ཀྱིས་མི་ཚུགས་སོ།། ལོ་སྟོང་ཕྲག་བཅུར་འཚོ་བར་བྱེད་དོ།། དེ་བཞིན་དུ་གདུ་བུ་དང་། ཅོད་པན་དང་། ལྕགས་སྒྲོག་དང་། རྡོ་རྗེ་དང་།
451b7 དགྲ་སྟ་དང་། འཁོར་ལོའང་ངོ་ཞེས་པའོ།། འདི་ནི་འཁོར་ལོའི་ཁྱད་པར་ཏེ་ལྕགས་ལྔ་པའི་འཁོར་ལོ་བྱས་ནས་སོ་རྣོན་པོ་འཁོར་ལོ་མཚན་ཉིད་ཕུན་སུམ་ཚོགས་པ་མཐོ་གང་གི་ཚད་དོ།། གངྒཱའི་འགྲམ་གཉིས




iiif viewer powered by OpenSeadragon

451a - 452a

Texts on this page

S683 - ral pa gyen brdzes kyi rtog pa chen po