| | e-texts navigator
|
445a1 ཕྱོགས་གཅིག་གམ། ། བརྟན་པའི་ཕྱོགས་སམ་དུར་ཁྲོད་དམ།། ཁང་སྟོང་སྦྱིན་སྲེག་ལེགས་བརྩམ་བྱའོ།། དེ་བཞིན་ཁོ་ནར་རི་རྩེར་ཡང་།། ལྷ་ཡི་ཁང་པ་སྟོང་པ་དང་།
445a2 རྟག་ཏུ་དགོན་པ་ཆེན་པོ་དང་།། དེ་བཞིན་དུ་ཡང་གསུམ་རྣམས་ནི།། སྒྲུབ་པོའི་ཕྱོགས་སུ་གསུངས་པ་ཡིན།། གང་ཟག་མཆོག་གི་གནས་དེ་རྣམས།། གསུངས་པ་སྦྱིན་སྲེག་ལས་ཀུན་ལས།། ཀུ་ཤའི
445a3 ཁྲིས་ལ་ཉེར་འདུག་པས། ། གནས་ནས་ཁྲུ་ཡི་ཚད་ལས་ནི།། སྦྱིན་སྲེག་ལས་རྣམས་ཁྱད་པར་དུ།། དེར་ནི་སྔགས་ཤེས་པས་བྱའོ།། དངོས་གྲུབ་མྱུར་བ་ཁོ་ནར་གནས།། ཉིད་དུ་གནས་པར་ཐེ་ཙོམ
445a4 མེད། ཤར་དུ་བལྟས་དང་བྱང་བལྟས་པའང་།། ཞི་དང་རྒྱས་པ་ཅན་ལ་བྱ།། དྲག་པོ་ལ་ནི་ལྷོ་རུ་སྟེ།། དེ་ནི་སྔགས་པས་རྣམ་པར་སྤང་།། ཤར་དུ་ཁ་བལྟས་ཞི་བ་འཕེལ།། རྒྱས་པ་ལ་ཡང་བྱང་བལྟས་པ
445a5 འདི་རྣམས་སྔགས་པས་དུས་ལྷན་ཅིག། རིག་པ་བཟླས་པས་ཡང་དག་བརྩམ།། བིལ་བ་ཨརྐ་པ་ལ་ཀྵ།། ནྱ་གྲོ་དྷ་ཡིས་རྒྱས་ལས་བྱ།། མངོན་སྤྱོད་ཅན་ལ་ཤིང་རྣམས་ནི།། དཀར་དང་ཚབ་སྒྱུར་དང་རྣོ།།
445a6 དེ་རྣམས་ཐམས་ཅད་སྤང་བྱ་སྟེ།། ཐུབ་པ་རྣམས་ཀྱིས་བཀག་པ་ཡིན།། རྟག་ཏུ་ཞི་དང་རྒྱས་ལས་ལ།། རླན་བཅས་ཤིང་ནི་རབ་ཏུ་བསྔགས།། དེ་བཞིན་སྐམ་པོ་དྲག་ལས་ལའོ།། ཐུབ་པ་རྣམས་ཀྱིས་རྟག
445a7 ཏུ་སྤངས། ། དེ་རྣམས་མེད་པའི་ཡམ་ཤིང་གིས།། ཤིང་དེ་རྣམས་སུ་བརྟག་པར་བྱ།། ལྗང་དང་སྣུམ་པ་འདྲ་བ་དང་།། རྨ་བྱའི་མགྲིན་པ་དང་མཚུངས་པ།། དེ་བཞིན་དུ་ཀུ་ཤའི་རྣམ་པ་ཡིན།། ཞི་དང་རྒྱས
iiif viewer powered by OpenSeadragon
444b - 445b