| | e-texts navigator
|
323b1 འོ་མ་དང་ནས་ཟན་ཟ་བ་འམ། སློང་མོ་ཟ་བས་ཀུ་ཤ་བཏིང་བ་ལ་ཉལ་ཏེ་ཟླ་བ་གསུམ་མམ། ཟླ་བ་གཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ལྷན་ཅིག་ཏུ་ལྷ་མོ་སྒྲོལ་མ་མཐོང་བར་བྱེད་དོ།། མཆོག
323b2 གང་བསླངས་པ་རྒྱལ་སྲིད་དམ། ། མི་སྣང་བ་འམ། ཕུག་ཏུ་འཇུག་པ་འམ།། གཏེར་འཕོ་བ་འམ།། ཡུལ་གྱི་བདག་པོའང་རུང་སྟེ།། གང་བསླངས་པ་དེ་རྙེད་ཅིང་རྟག་ཏུ་རྙེད་དོ།། མ་བསྒྲུབས་པར་ཡང་རིག་པས
323b3 གཏན་ལ་འགེམས་པར་བྱེད་པ་དང་། རྡུལ་དུ་བྱེད་པ་དང་། གནོན་པར་བྱེད་པ་དང་། འབྱིན་པ་དང་། མཚོན་ཆ་འཆང་བ་དང་། ཕུག་གི་འཁྲུལ་འཁོར་ཐམས་ཅད་འགེམས་པར་བྱེད་པ་ལ་བདག་ཉིད་བསྲུང་བ
323b4 བྱས་ཏེ། གཡུལ་དུ་མངོན་པར་ཞུགས་ན་རྣམ་པར་རྒྱལ་བར་བྱེད་དོ།། གཞན་བསྲུང་ན་གྲུབ་པའི་བྱ་བ་ཐམས་ཅད་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ།
323b5 ཏདྱ་ཐཱ། ཏཱ་རེ་ཏཱ་རེ་སྭཱ་ཧཱ། རིག་པ་འདིས་ཟླ་བ་གཟས་བཟུང་བའི་དུས་སུ་མཚན་མོ་གསུམ་དུ་སྨྱུང་བར་གནས་པ་སྔོན་དུ་བསྙེན་པ་བྱས་པའམ། བསྙེན་པ་མ་བྱས་པའང་རུང་སྟེ། རིང་བསྲེལ་དང་བཅས་པའི
323b6 ། མཆོད་རྟེན་དུ་བྱང་ཆུབ་ཤིང་གི་ཡམ་ཤིང་གིས་མེ་སྦར་ནས།། སྣ་མའི་མེ་ཏོག་དཀར་པོའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་དངུལ་སྟོང་ཕྲག་བརྒྱ་རྙེད་དེ་ཡང་ན་མཐོང་ངོ་།། ན་མོ་རཏྣ་ཏྲ་ཡཱ་ཡ།
323b7 ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། རིག་པ་འདིས་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ནས
iiif viewer powered by OpenSeadragon
323a - 324a