e-texts navigator
Collection
Volume
Page
Wylie

307b1 པའི་ཚད་ཙམ་གྱི་དཀྱིལ་འཁོར་ཉེ་བར་བླུགས་ནས། ། མཆོད་པ་རྒྱ་ཆེན་པོ་བྱས་ནས་རིག་པ་འབུམ་བཟླས་པར་བྱའོ།། དུར་ཁྲོད་དུ་ཏིལ་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་ཉི་མ་བདུན་དུ་མཚན་མོ་སྦྱིན་སྲེག་བྱའོ།། ཉི་མ་རེ་རེ་ལ
307b2 དངུལ་ལྔ་ལྔ་སྦྱིན་པར་བྱེད་དོ། ། ཀུ་མུ་ཏ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་འབུམ་བྱས་ན་ངེས་པར་མཐོང་ངོ་།། དུར་ཁྲོད་ཀྱི་ཐལ་བ་ལ་གཟུགས་བརྙན་བྱས་ཏེ། དེ་ལ་ཉེ་བར་འདུག་ནས་ཨརྐའི
307b3 ཤིང་ལ་མེ་སྦར་ནས་དྲི་ཞིམ་པོའི་ཏི་ལམར་གྱིས་བཏགས་པའི་སྣ་མའི་མེ་ཏོག་གི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་མི་སྣང་བར་འགྱུར་རོ། ། ཆོ་ག་འདི་ཁོ་ནས་མིང་ནས་སྨོས་ན་ལཱན་ཛའི་རྒྱལ་པོ་དང་བློན་པོ་དབང་དུ་འགྱུར་རོ།།
307b4 བུད་མེད་དབང་དུ་བྱེད་ན་ཨ་ཏི་མུཀྟ་ཀའི་མེ་ཏོག་གི་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་ཏེ། ཉི་མ་བདུན་ནས་ཡིད་ཀྱིས་གང་གི་ཚེ་བསམས་པ་དེའི་ཚེ་འོང་ངོ་།། དུར་ཁྲོད་དུ་སོང་ནས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ། ཤ་ཆེན
307b5 གྱིས་སྦྱིན་སྲེག་བྱས་ནས་ཉི་མ་བདུན་པ་ལ་ཤ་ཟས་ཟིན་པ་རྣམས་བལྟས་པས་ཐར་པར་འགྱུར་རོ། ། དུར་ཁྲོད་དུ་ཤ་ཆེན་གྱིས་སྦྱིན་སྲེག་སྟོང་ཕྲག་བཅུ་བྱས་ན་ཤ་ཟ་ཐམས་ཅད་ཀྱང་དབང་དུ་འགྱུར་རོ།། ནེའུ་ལེའི་སྤུའི་སྦྱིན
307b6 སྲེག་སྟོང་ཕྲག་བརྒྱད་བྱས་ན་འབྱུང་པོ་ཐམས་ཅད་ཀྱང་དབང་དུ་འགྱུར་རོ། ། དུར་ཁྲོད་དུ་བཤང་བའི་སྦྱིན་སྲེག་བྱས་ན་སྲུལ་པོས་ཟིན་པ་རྣམས་ཡིད་ཀྱིས་ཀྱང་ཐར་རོ།། ཁྲག་གི་སྦྱིན་སྲེག་བྱས་ན་མཁའ་འགྲོ་མ་རྣམས་དབང་དུ
307b7 འགྱུར་རོ། ། དུར་ཁྲོད་དུ་བོཊྚ་ཀའི་སྦྱིན་སྲེག་བྱས་ན་འདི་ལ་ཤ་ཟ་མི་འོང་ངོ་།། སྦྲུལ་གྱི་ཤུན་པའི་སྦྱིན་སྲེག་བྱས་ན་སྒྲུབ་རྣམ་པར་འབྲོས་པར་བྱེད་དོ།། དེ་ནས་སྒྲུབ་པ་པོས་གཏོར་མ་བྱས་ནས་ཨརྐའི་ཡམ་ཤིང་གི་སྦྱིན་སྲེག




iiif viewer powered by OpenSeadragon

307a - 308a

Texts on this page

S683 - ral pa gyen brdzes kyi rtog pa chen po