e-texts navigator
Collection
Volume
Page
Wylie

303a1 རིག་པའི་རྒྱལ་མོ་འདི་དྲན་པ་ཙམ་གྱིས་བགེགས་ཐམས་ཅད་རེངས་པར་འགྱུར་རོ།། འཇིག་རྟེན་གྱི་ཁམས་འདིན་མར་མི་ཤེས་པ་དང་། པར་མི་ཤེས་པའང་ཡོད་དེ། ཆོས་དང
303a2 མི་ལྡན་པ་སྡིག་པའི་སེམས། ། ཤེས་རབ་ཆུང་བ། སྲོག་ཆགས་གསོད་པ་དྲག་པོ། ཁ་དོག་ངན་པ། སྟོབས་ཆུང་བ། ཀྱོག་པོ། སྒྲུབ་པོ།། རྗེ་ངར་སྒོམ་པ། གཞན་ཡང་བྱ་རོག་གི་རྗེ་ངར་འདྲ་བ། བོངས
303a3 ཐུང་དང་། རི་དགས་དང་།། རྔ་མོ་དང་། གཡག་ནག་པོ་ལྟ་བུ། སྐྲ་སེར་སྐྱ། སེན་མོ་ངན་པ།། བྱ་རོག་གི་སྐད་དང་། དེ་བཞིན་དུ་གཞན་ཡང་བུམ་ལྷོ་ཅན་དང་། དྲི་མ་ཅན་དང་། གང་ཡང་གཞན་ནད་ཀྱིས
303a4 གཟིར་བ་རྣམས་ཏེ། འདི་རྣམས་ཀྱིས་ཇི་སྐད་བཤད་པའི་རིག་པ་མི་འགྲུབ་བོ།། བདག་ཅག་གིས་བདེན་པའི་ཚིག་གིས་ཇི་ལྟར་སྔར་གྱི་ལས་ཟད་པར་བྱས་ནས། དེ་ནས་རིག་པ་བསྒྲུབ་པར
303a5 བྱའོ། ། རྒན་པོའམ། ཞར་བ་འམ། ལོང་བ་འམ། སྒུར་པོ་འམ། ཀྱོག་པོ་འམ། དེ་ལྟ་བུ་རྣམས་ཀྱིས་སོ།། སླར་ཡང་ཙན་དན་དཀར་པོ་ལ་བྱས་པའི་བཅོམ་ལྡན་འདས་མ་བདེ་བར
303a6 གཤེགས་པའི་ཁྲུ་གང་གི་ཚད་དུ་བྱེད་དུ་གཞུག་སྟེ། རི་མོ་མཁན་གསོ་སྦྱོང་ལ་གནས་པས་མ་འདྲེས་པའི་ཚོན་གྱིས་འདྲིར་གཞུག་པར་བྱའོ།། དེ་ནས་དེས་རྒྱ་མཚོའི་འགྲམ་དུ་བཞུགས་སུ
303a7 གསོལ་ནས་དུས་གསུམ་དུ་ཁྲུས་བྱ་ཞིང་། སློང་མོ་ཟ་ཞིང་གུ་གུལ་གྱི་བདུག་པ་བསྲེགས་ལ་འབུམ་ཕྲག་ཉི་ཤུ་བཟླས་པ་དབུལ་བར་བྱའོ།། བཟླས་པ་ཡོངས་སུ་རྫོགས་པ་ན་གུ་གུལ་དང་ཀུན་ཛ




iiif viewer powered by OpenSeadragon

302b - 303b

Texts on this page

S683 - ral pa gyen brdzes kyi rtog pa chen po