| | e-texts navigator
|
302b1 བྱའོ། ། སླར་ཡང་སྒྲུབ་པ་པོས་ཇི་སྲིད་ཁྲུ་གང་གི་ཚད་ཀྱི་ལྕེར་སོང་གི་བར་དུ་རིག་པ་བཟླས་པར་བྱའོ།། འབྲུག་གི་སྒྲ་གྲག་ཀྱང་སྐྲག་པར་མི་བྱའོ།། དེ་ནས་རིག་པ་འཛིན་པས་རིངས་ཐབས་སུ་བཟླས་པ་བྱ་ཞིང་ཀར
302b2 ཝཱི་ར་དཀར་པོའི་མེ་ཏོག་གིས་རོ་ལངས་ཀྱི་དཔྲལ་བའི་ཕྱོགས་སུ་གཞུ་བར་བྱ་སྟེ་གནོན་པར་འགྱུར་རོ། ། དེའི་ལྕེའི་རྩེ་མོ་རིན་པོ་ཆེ་ཀུན་ཏུ་མཐོང་སྟེ་འབར་བའི་འཕྲེང་བ་དང་ལྡན་པ་མཛེས་བཞིན་པ་རིག་པ
302b3 བཟླས་ལ་བླང་བར་བྱའོ། ། བླངས་པ་ཙམ་གྱིས་སྒྲ་ལི་ཞིང་འཁྱིལ་བ་དང་། ལོ་བརྒྱད་གཉིས་ལོན་པའི་རྣམ་པ་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་ཏེ། གང་ཞིག་བསམ་པ་དེ་ཐམས་ཅད་དུ་སྐྱེས་པ་ནི
302b4 མ་གཏོགས་སོ། ། ཟག་པ་ཟད་པ་ཉིད་དང་བསྐལ་པར་གནས་ཤིང་རིན་པོ་ཆེས་ཀྱང་མགོ་ལ་བརྒྱན་པར་དཔག་ཚད་བརྒྱ་སྟོང་ཕྲག་བརྒྱད་ཅུར་ཀུན་ཏུ་སྣང་བར་བྱེད་དོ།། རིག་པ་འཛིན་པ་ཐམས་ཅད་ཀྱང་ཀུན
302b5 ཏུ་དབང་བར་འགྱུར་རོ། ། གང་གི་ཚེ་འདི་འཕོ་བའི་དུས་ལ་བབ་པ་དེའི་ཚེ་བཅོམ་ལྡན་འདས་མ་ཡང་དག་པར་བྱོན་ནས་སྐུལ་བར་བྱེད་དོ།། བུ་རིན་པོ་ཆེའི་མཐུ་དེ་རྣམས་ཟད་ནས་སླར་ཡང་བསྒྲུབ་པར་བྱའོ་ཞེས་བརྗོད
302b6 ནས་མི་སྣང་བར་འགྱུར་རོ། ། ཕྱིས་རིག་པའི་རྒྱལ་མོ་འདི་དྲན་པར་འགྱུར་རོ།། ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་འགྲོ་བ་དང་སྐྱེ་བར་མི་འགྱུར་རོ།། ཐམས་ཅད་ཀྱི་ཚེ་ཡང་འདི་སངས་རྒྱས་རྗེས་སུ་དྲན་པ་སྦྱིན
302b7 པར་འགྱུར་རོ། ། དབང་ལྡན་གྱིས་རབ་ཏུ་བཤད་པའི་བཅོམ་ལྡན་འདས་མའི་རིག་པའི་རྒྱལ་མོའི་ལེའུ་རྫོགས་སོ།། ། འཇིག་རྟེན་སྐྱོང་བ་བཞིས་བཅོམ་ལྡན་འདས་མའི་ཆོ་ག་གསུངས།།
iiif viewer powered by OpenSeadragon
302a - 303a