| | e-texts navigator
|
282a1 འབུམ་བཟླས་སོ། ། མཐར་ཉིན་མཚན་དུ་སྦྱང་བར་གནས་པས་མཆོད་པ་རྒྱ་ཆེན་པོ་བྱས་ནས་སྲོད་ནས་བརྩམས་ནས་བཟླས་པར་བྱ། ནམ་མཁའ་ལ་གྲུབ་བོ་ཞེས་པའི་སྒྲ་ཐོས་པར
282a2 འགྱུར་ཏེ། གང་དུ་འདོད་པ་དེར་ཆར་ལྷུང་བར་འགྱུར་རོ།། མ་གྲུབ་ན་ཡུལ་རྙེད་དོ།། དེའི་སྤྱན་སྔར་པཱ་ལ་ཤའི་མེ་ལ་ཀླུ་ཤིང་གི་མེ་ཏོག་མར་ལ་བཏགས་པའི་སྦྱིན་སྲེག་འབུམ་བྱས་ན་དངུལ་འབུམ་རྙེད་དོ།། དོང་ཚེ
282a3 བརྒྱ་རྙེད་པར་འགྱུར་རོ། ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པར། ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པ། མི་འཇིགས་པ་སྦྱིན་པ་ཞེས་བྱ་བའི་རིག
282a4 པའི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ། ། །། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོའི་མདོ་སྡེ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ
282a5 བའི་རྟོག་པ་ལས། ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པའི་རིག་པའི་སྔགས་རྣམས་ཏེ། ལེའུ་རབ་འབྱམ་བཅུ་གསུམ་པ་རྫོགས་སོ།། །། དེ་ནས་བྱང་ཆུབ
282a6 སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སླར་ཡང་ཐམས་ཅད་དང་ལྡན་པའི་འཇིགས་རྟེན་གྱི་ཁམས་སུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དག་པའི་ཡུལ་རྣམ་པར་འཕྲོ། ཞིང་རྣམ་པར་འཇིག་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།
282a7 ། སྙོམས་པར་ཞུགས་ནས་རྟོག་པའི་རྒྱལ་པོ་ཆེན་པོ་འདིར་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་བསྒྲུབ་པར་བྱ་བའི་དོན་དུ
iiif viewer powered by OpenSeadragon
281b - 282b