e-texts navigator
Collection
Volume
Page
Wylie

280a1 པར་བསྔགས་ནས་རས་རིས་ཀྱི་སྤྱན་སྔར་དབུལ་བར་བྱ་སྟེ། ཉིན་ཞག་བདུན་ཐུན་གསུམ་དུ་དབུལ་བར་བྱས་ན་དབང་དུ་འགྱུར་རོ།། བྲམ་ཟེ་དབང་དུ་བྱ་བར་འདོད་ན་རས་རིས་ཀྱི་སྤྱན་སྔར་པཱ་ལ
280a2 ཤའི་མེ་ལ་ཉིན་ཞག་བདུན་ཐུན་གསུམ་དུ་གཡང་གཞི་ནག་པོའི་པགས་པས་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། ། རས་རིས་ཀྱི་སྤྱན་སྔར་བིལ་བའི་མེ་ལ་ཨུ་དུམ་བ་རའི་མེ་ཏོག་གིས་སྦྱིན་སྲེག་བྱས་ན་ཞག་གསུམ་གྱིས
280a3 དབང་དུ་འགྱུར་རོ། ། དམངས་རིག་དབང་དུ་བྱ་བར་འདོད་ན་རས་རིས་ཀྱི་སྤྱན་སྔར་ཨརྐའི་མེ་ལ་ལན་ཚྭའི་སྦྱིན་སྲེག་བྱས་ན་ཉི་མ་གསུམ་གྱིས་དབང་དུ་འགྱུར་རོ།། ཐུན་མོང་བའི་བུད་མེད་དབང་དུ་བྱ་བར་འདོད་ན་མེ་དེ་ལ
280a4 ནས་ཀྱི་སྦྱིན་སྲེག་བྱའོ། ། དགེ་སློང་ངམ་བྲམ་ཟེ་དབང་དུ་བྱ་བར་འདོད་ན་རས་རིས་ཀྱི་སྤྱན་སྔར་སེང་ལྡེང་གི་མེ་ལ་དུར་བའི་སྦྱིན་སྲེག་ཐུན་གསུམ་ཉི་མ་བདུན་དུ་བྱས་ན་བདུན་པ་ལ་དབང་དུ་འགྱུར་ཏེ། གང་དབང་དུ
280a5 བྱ་བ་དེ་ལ་ཟླ་བ་གཅིག་ཏུ་བཟླས་པས་དེ་དབང་དུ་འགྱུར་རོ། ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པར། ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་སྐྱེས་པ། པདྨའི་མཐའ
280a6 ཞེས་བྱ་བའི་སྔགས་ཀྱི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ། ། །། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡངས་པ་དང་ལྡན
280a7 པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྟོག་པའི་རྒྱལ་པོར་པདྨ་གཟི་བརྗིད་ཅེས་བྱ་བའི་སྔགས་ཀྱི་རྒྱལ་པོ་ཆེན་པོ་གསུངས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ




iiif viewer powered by OpenSeadragon

279b - 280b

Texts on this page

S683 - ral pa gyen brdzes kyi rtog pa chen po