e-texts navigator
Collection
Volume
Page
Wylie

277a1 པཱ་ལ། མ་ཧཱ་བ་རི་བཱ་ལ། ཏེ་ཛ། ན་མོ་སྱཱ་ཏ། སརྦ་དུཥྚཏ་དཱ་སི་སཱ་ཏྭཱ་ཎྜི་མཱ་ནེ་སྭཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་དང་བཅས་པ་སྟེ། འཁོར་བའི་སྣ་ཐག་གྲོལ་བར་བྱེད་པ་ཞེས་བྱ་བ་རིག་པའི
277a2 རྒྱལ་པོ་ཆེན་པོ་གང་འདི་རྟག་ཏུ་དྲན་པར་བྱེད་ན་འཁོར་བར་ཡུན་རིང་དུ་མི་འཁོར་རོ། ། བཟླས་པ་ཉིད་ཀྱིས་མཚམས་མེད་པ་ལྔ་པོ་རྣམས་རྣམ་པར་སྦྱོང་བར་བྱེད་དོ།། དེ་ནས་འདིའི་སྒྲུབ་ཐབས་ཀྱི་ཆོ་ག་ནི་སྔར
277a3 བརྗོད་པའི་རས་ལ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནམ་མཁའ་ལ་འགྲོ་བ། ཀུན་ནས་འོད་འབར་བ། པདྨ་ཕྱག་ན་བསྣམས་པ། གཡས་པས་མི་འཇིགས་པ་སྦྱིན་པའོ།། སྒྲུབ་པ
277a4 པོ་ཡང་དག་པའི་ལུས་ཀྱི་མགོ་བོས་བདུག་པ་སྲེག་པ་ཆ་བྱད་དང་རྣམ་པ་ཇི་ལྟ་བ་བཞིན་འདྲིར་གཞུག་པར་བྱའོ། ། དེ་ནས་རས་རིས་དེ་སྔར་བརྗོད་པའི་གནས་སུ་བཞུགས་ནས་དྲི་དང་། མེ་ཏོག་དང་། བདུག་པ
277a5 ལ་སོགས་པ་འདི་ཉིད་ཀྱིས་ཕུལ་ལ་འབུམ་ཕྲག་གསུམ་བཟླས་པར་བྱའོ། ། སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ།། མཚམས་མེད་པ་ལྔ་པོ་རྣམས་རྣམ་པར་སྦྱོང་བར་བྱེད་དོ།། འབུམ་ཕྲག་དྲུག་བཟླས་པས་དམ
277a6 བཅས་པ་རྙེད་པར་འགྱུར་རོ། ། གདུག་པ་དང་། ཤ་ཟ་དང་། སྲིན་པོ་རྣམས་འཆིང་བར་འདོད་ན་ཀུ་ཤའི་སྣ་ཐག་གིས་བསྐོར་ནས་སྟོང་ཕྲག་བརྒྱད་མངོན་པར་བསྔགས་ཏེ་གདུག་པ་གང་ན་གནས་པའི་ཤིང་ངམ
277a7 ཁྱིམ་ལ་སོགས་པ་ལ་དཀྲི་བར་བྱའོ། ། གདུག་པ་ཐམས་ཅད་བཅིངས་པར་འགྱུར་རོ།། གདུག་པའི་སེམས་དང་སེམས་ཅན་རྣམས་ཟིལ་གྱིས་གནོན་པར་འགྱུར་རོ།། རྣ་བའི་མིག་སྨན་སྒྲུབ་པར་འདོད་ན་རས




iiif viewer powered by OpenSeadragon

276b - 277b

Texts on this page

S683 - ral pa gyen brdzes kyi rtog pa chen po