e-texts navigator
Collection
Volume
Page
Wylie

263b1 སྟེང་དུའོ། ། རང་གི་གཞོགས་སུ་ཤཱཀྱ་ཐུབ་པའང་ངོ་།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཡས་སུ་དཔལ་ཆེན་མོ་བྲི་བར་བྱའོ།། གཡོན་གྱི་གཞོགས་སུ་རྡོ་རྗེ་སྡེ་བྲི་བར་བྱའོ།། སྐུ་མདོག་དཀར་པོ་སྟོན་ཀའི་སྤྲིན
263b2 ། ལྟར་དཀར་བ། ཕྱག་ན་རིལ་བ་སྤྱི་བླུགས་དང་ཆུ་སྣོད་བསྣམས་པའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱི་བོར་ཨ་ཏི་མུཀྟ་ཀའི་མེ་ཏོག་གོ། འཕགས་པ་འོད་དཔག་མེད་ལ་བརླའི་མེ་ཏོག་གི་འཕྲེང་བའོ།།
263b3 ཤཱཀྱ་ཐུབ་པ་ལ་སྣ་མའི་མེ་ཏོག་གི་འཕྲེང་བའོ།། དཔལ་ཆེན་མོ་ལ་ན་ག་གེ་སར་གྱི་མེ་ཏོག་གི་འཕྲེང་བའོ།། རྡོ་རྗེ་སྡེ་ལ་མེ་ཏོག་དཀར་པོའི་འཕྲེང་བ་དང་བདུག་པ་དྲི་ཞིམ་པོ་རྣམས་ཇི་ལྟར་འབྱོར་པ་དབུལ་བར་བྱའོ།། སྔར
263b4 བརྗོད་པའི་གནས་སུ་རས་རིས་བཞུགས་སུ་གསོལ་ནས་འབུམ་ཕྲག་གསུམ་བཟླས་པར་བྱའོ། ། དེ་ནས་ཟླ་བ་ཉ་ལ་རས་རིས་ལ་མེ་ཏོག་གི་འཕྲེང་བ་ལ་སོགས་པའི་མཆོད་པ་ཆེན་པོ་བྱས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར
263b5 འདུག་སྟེ། འདི་ཉིད་ཀྱིས་གང་བྱེད་པ་དེ་ཐམས་ཅད་ལ་གཅིག་ཏུ་དཔའ་བས་བྱའོ།། རིག་པའི་རྒྱལ་མོ་ཆེན་མོ་གང་ཇི་སྲིད་འཕྲེང་བ་ཐམས་ཅད་རབ་ཏུ་གཡོ་བའི་མཚན་མ་འབྱུང་གི་བར་དུ་བཟླས་པར་བྱའོ།། དངོས་གྲུབ
263b6 ཀྱི་མཚན་ཉིད་ནི་གང་གི་ཚེ་མངོན་པར་འདོད་པ་དེ་ཐམས་ཅད་ཐོབ་པར་འགྱུར་རོ། ། གང་ཐམས་ཅད་དུ་རས་རིས་ཀྱི་སྤྱན་སྔར་ཏིལ་གྱིས་མངོན་པར་བཏགས་པའི་སྦྱིན་སྲེག་འབུམ་ཕྲག་དྲུག་བྱས་ན་རྒྱལ་སྲིད་རྙེད་དོ།། ཡུལ
263b7 གྱི་ལོངས་སྤྱོད་འདོད་ན་རས་རིས་ཀྱི་སྤྱན་སྔར་ཡུངས་ཀར་དང་། ཏིལ་དང་། ཙེ་ཀ་ཏའི་སྦྱིན་སྲེག་འབུམ་ཕྲག་གསུམ་བྱས་ན་ཡུལ་རྙེད་དོ།། རས་རིས་ཀྱི་སྤྱན་སྔར་མར་དང་སྦྲང་རྩི་བཏགས་པའི་ཏིལ་དང་། གུར་ཀུམ་དང་།




iiif viewer powered by OpenSeadragon

263a - 264a

Texts on this page

S683 - ral pa gyen brdzes kyi rtog pa chen po