e-texts navigator
Collection
Volume
Page
Wylie

260a1 འཇིགས་པ་བརྒྱད་པོ་ཐམས་ཅད་སྐྱོབ་པ། བཅོམ་ལྡན་འདས་འོད་དཔག་མེད་དབུ་ལ་བཞུགས་པ། མཆོད་ཕྱིར་ཐོགས་དཀར་པོ་ཅན་བྲི་བར་བྱའོ།། སྒྲུབ་པ་པོའང་སྔར་བཞིན་དུའོ།།
260a2 རྣམ་པ་འདི་ལྟ་བུའི་རས་རིས་བྲིས་ནས་མཆོད་པ་ཆེན་པོ་བྱ་སྟེ། འདི་ཉིད་ཀྱིས་དྲི་དང་། མེ་ཏོག་དང་། བདུག་པ་དང་། གཏོར་མ་ཆོགས་དབུལ་ལོ།། གང་བྱེད་པ་ལ་གཅིག་ཏུ་དཔའ་བས་རིག་པའི་རྒྱལ
260a3 པ་ཨོ་ཆེན་པོ་འདི་དུས་མ་ཡིན་པར་གསོ་སྦྱོང་ལ་གནས་པས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་བྱམས་པའི་བདག་ཉིད་ཅན་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོན་པས་སྟོང་ཕྲག་བརྒྱད་བཟླས་པ
260a4 བྱའོ། ། དེ་ནས་གྲུབ་པར་འགྱུར་ཏེ་གང་འདོད་པ་དེ་ཐམས་ཅད་དང་། ལས་ཕྲན་ཚེགས་ལ་སོགས་པ་བྱེད་དོ།། ཆུས་དུག་འཇོམས་པར་བྱེད་དོ།། ཀུ་ཤས་བྱབས་པས་རིམས་ཉིན་གཅིག་པ་འམ། ཉིན་གཉིས་པ
260a5 འམ། ཉིན་བཞི་པ་ལ་སོགས་པ་འཇོམས་པར་བྱེད་དོ།། སྔགས་བཟླས་པ་ཉིད་མེ་ཏོག་ལ་ཡོངས་སུ་བཟླས་ཏེ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ།། མདོར་ན་བྱབས་པས་ནད་ཐམས་ཅད་འཇོམས་པར་བྱེད་དོ།། འདིའི
260a6 སྒྲུབ་ཐབས་སུ་གྱུར་པ་ནི་རས་རིས་སྔར་བརྗོད་པའི་གནས་སུ་བཞུགས་སུ་གསོལ་ནས་འབུམ་བཟླས་སོ། ། མཐར་མཚན་མོ་གཅིག་སྦྱང་བར་གནས་པས་ཕྱོགས་སྐྱོང་རྣམས་ལ་གཏོར་མ་དབུལ་ཏེ། གཏོར་མ་ནི་དཀར
260a7 གསུམ་དུ་འགྱུར་རོ། ། མཆོད་པའི་ཆོ་ག་བྱས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། སྲོང་ནས་བརྩམས་ནས་ཇི་སྲིད་དངོས་གྲུབ་ཀྱི་མཚན་མར་གྱུར་གྱི་བར་དེ་སྲིད་དུ་བཟླས་པར་བྱའོ།། རས་རིས་རབ་ཏུ་འགུལ་བ་དང་།




iiif viewer powered by OpenSeadragon

259b - 260b

Texts on this page

S683 - ral pa gyen brdzes kyi rtog pa chen po