e-texts navigator
Collection
Volume
Page
Wylie

255b1 གསོ་སྦྱོང་ལ་གནས་པས་འབུམ་ཕྲག་དྲུག་བཟླས་པར་བྱའོ། ། མཐར་པདྨ་དཀར་པོ་རེ་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་དྲུང་དུ་ཡོངས་སུ་དོར་ཞིང་དབུལ་བར་བྱ་སྟེ། ཉི་མ་གསུམ་ལ་སྟོང་ཕྲག་བརྒྱད་དུ་བྱའོ།།
255b2 དེ་ནས་མཚན་མོ་གསུམ་དུ་སྦྱང་བར་གནས་ཏེ་མཚན་ཐོག་ཐག་མི་སྨྲ་བར་པདྨ་མར་ལ་བཏགས་པ་རྣམས་ཀྱིས་སྦྱིན་སྲེག་བྱའོ།། དངོས་གྲུབ་ཀྱི་མཚན་ཉིད་དུ་འགྱུར་བ་ནི་རིག་པ་འཛིན་པ་རབ་ཏུ་གྲོལ་བ་རྣམ
255b3 པ་གསུམ་དུ་རྒྱུ་བར་བྱེད་དོ། ། དེ་ནས་བཅོམ་ལྡན་འདས་གྲུབ་པར་འགྱུར་རོ།། རིག་པ་འཛིན་པར་འདོད་ན་རིག་པ་འཛིན་པར་འགྱུར་རོ།། ལྷ་མ་ཡིན་འདོད་ན་ལྷ་མ་ཡིན་དུ་འགྱུར་རོ།། རྒྱལ་སྲིད་འདོད་ན་ས
255b4 ཐམས་ཅད་པའི་རྒྱལ་སྲིད་ཆེན་པོར་འགྱུར་རོ། ། གང་འདོད་པ་དེ་ཐམས་ཅད་ཐོབ་པར་འགྱུར་རོ།། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ངེས་པར་སྐྱེའོ།།
255b5 རྐང་པ་གཅིག་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཡོངས་སུ་རྫོགས་སོ།། །། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཏིང་ངེ་འཛིན་གྱི་རྒྱལ་པོ་དེ
255b6 ཉིད་སྒོམ་བཞིན་དུ། བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་མོའི་རྟོག་པར་འཇུག་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་གསུངས་པར་གྱུར་ཏོ།། དེ་ལ་འདི་རྣམས་ནི་སྔགས་ཀྱི་ཚིག་ཆེན་པོར་འགྱུར་ཏེ། ན་མོ་རཏྣ
255b7 དྲཏྲ་ཡཱ་ཡ། ན་མ་ཨཱརྱ་བི་ཛ་ཡ་ཤྲཱི་གརྦྷ་སྱ། ས་མྱ་ཀ་ས་བུདྡྷ་སྱ། ན་མཿམ་ཧེ་ཤྭ་རེ་སཱ། བོ་དྷི་སཏྭ་སྱ། ན་མ་ཨཱི་ཤ་པྲ་བྷ་སྱ། བོ་དྷི་སཏྭ་སྱ། ན་མ་ཨཱ་ཀཱ་ཤ་གརྦྷ་སྱ། བོ་དྷི་སཏྭ་སྱ། ན་མོ་བཛྲ་མ་ཏོ་སྱ། བོ་དྷི་སཏྭེ་སྱ།




iiif viewer powered by OpenSeadragon

255a - 256a

Texts on this page

S683 - ral pa gyen brdzes kyi rtog pa chen po