| | e-texts navigator
|
253b1 བྱས་པ། གོས་དཀར་པོ་ཅན། མཆོད་ཕྱིར་ཐོགས་པ། ཕྱག་མི་འཇིགས་པ་རབ་ཏུ་སྦྱིན་པ། རལ་པ་གྱེན་དུ་བརྫེས་པ་དེ་ལྟ་བུར་བྲི་བར་བྱའོ།། བཅོམ་ལྡན་འདས་སྔར་བརྗོད་པའི་གནས་སུ་རས་རིས་ཞལ་ཤར་དུ
253b2 མངོན་པར་ཕྱོགས་པར་བཞུགས་སུ་གསོལ་ནས་འབུམ་ཕྲག་བཅུར་བཟླས་པར་བྱའོ། ། བཟླས་པ་ཡོངས་སུ་རྫོགས་པ་ན་མེ་སྦར་ནས་སྦྲང་རྩི་དང་མར་སྦྱར་བས་དུས་གསུམ་དུ་སྦྱིན་སྲེག་ཇི་སྲིད་འབུམ་རྫོགས་ཀྱི་བར་དུ་བྱས
253b3 ནས། གང་མངོན་པར་འདོད་པ་དེ་རྙེད་པར་འགྱུར་རོ།། རྒྱལ་སྲིད་ཀྱི་ལོངས་སྤྱོད་འདོད་ན་གུར་ཀུམ་དང་། ཙན་དན་དང་། མེ་ཏོག་བརྒྱ་པ་དང་། འབྲས་ཡོས་རྣམས་གཅིག་ཏུ་བྱས་ནས་མར་དང་སྦྲང་རྩི་བཏགས་ནས་ཐུན
253b4 གསུམ་དུ་སྦྱིན་སྲེག་བྱའོ། ། སྦྱིན་སྲེག་མཐའི་ཉི་མ་ལ་མཐོང་བ་སྩོལ་བར་བྱེད་དོ།། མཚན་མ་འདི་རྣམས་ཀྱང་སྩོལ་ཏེ། གཙུག་པུད་གྱེན་དུ་བརྫེས་པར་འགྱུར་རོ།། སྐྱོན་མེད་པའི་འོད་ཀྱི་རྒྱལ་མཚན་དང་། འཕྲེང་བ
253b5 འབར་བའི་རས་རིས་རབ་ཏུ་སྦྱིན་པ་འམ་སྨྲ་བར་བྱེད་དོ། ། རིག་པ་འཛིན་པས་ཡིད་ཀྱིས་བཟླས་པ་བྱ། ནམ་མཁར་ལྷའི་ངག་ཐོས་ན་གྲུབ་པ་ཡིན་ནོ།། དེ་ནས་རྒྱལ་སྲིད་སླར་རྙེད་ན་ཆོས་ཀྱིས་བྱེད་དུ་གཞུག་གོ། སླར་ཡང་དེ
253b6 ཉིད་དུ་ཏིང་ངེ་འཛིན་བསྒོམ་པར་བྱ་བཞིན་པ་ནི་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྟོག་པའི་རྒྱལ་པོ་ཆེན་པོ་རྐང་པ་གཅིག་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་གསུངས་པར་གྱུར་ཏོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ནམ
253b7 ན.ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་བུདྡྷ་ཨ་བྷི་ཤེ་ཀ་སྱ་པྲ་ཛྭ་ལི་ཏ་དཱིཔྟ་ནེ་པྲ། བྷུ་ཛཱ་ཡ་པྲ་ཛྭ་ལི་ཏཾ། དཱིཔྟ་ཧ་པུ་ཀ་མནྟ་ལཱ་ཡ། ཏདྱ་ཐཱ། ཧྲྀ་ད་ཡ་མཱ་བརྟ་ཡི་དྷ་མི་གྷུ་ཊ།
iiif viewer powered by OpenSeadragon
253a - 254a