| | e-texts navigator
|
243b1 རྣམས་ལས། ། གཞན་པའི་གཟུགས་ནི་བལྟ་བར་བྱ།། རིམ་པ་ཇི་བཞིན་མེ་ཐབ་འདིར།། ཇི་ལྟར་བསྙེན་པའི་མེ་ཏོག་དང་།། མར་ལ་ལན་བདུན་ཡོངས་བཟླས་པས།། དེ་ཚེ་སྤྱན་དྲང་རྣམ་པ་དེར།། ཇི་ལྟར
243b2 སླར་ཡང་སྤྱན་དྲངས་པས། ། ལྷག་པར་གནས་པས་གཉིས་ཀ་གནས།། ཡམ་ཤིང་རྫས་དང་བསྲེས་པ་དང་།། མར་དང་སྦྲང་རྩི་མཉམ་ལྡན་པ།། དེ་བཞིན་ཉིད་དུ་ཞོ་བསྲེས་པས།། སྟོང་ངམ་འབུམ་གྱི་ཚད་དང
243b3 ནི། ། བརྒྱ་དང་བརྒྱད་དུའང་བརྟག་པར་བྱ།། དེ་བཞིན་སྔགས་པས་རིག་པ་གཟུང་།། ལན་རེ་བཟླས་ཤིང་མེ་ལ་དོར།། འབར་བའི་མེ་ཡི་འཕྲེང་བ་དང་།། དེ་བཞིན་མེ་ལྕེ་གཅིག་གྱུར་པ།། ཞི་བའི་ལས་ཀྱི་སྦྱིན་སྲེག
243b4 བྱ། ། དུ་བ་མེད་ལའང་རྒྱས་པ་ཅན།། དུ་བཅས་དྲག་པོའི་ལས་རྣམས་ནི།། རྒྱལ་བས་སྨད་ཅིང་སྤངས་པ་ཡིན།། མེ་ནི་ཁ་དོག་ལྡན་གྱུར་ན།། སྦྱིན་སྲེག་ལས་ནི་རབ་ཏུ་སྦྱར།། ཞི་བ་ཅན་ལ་ཁ་དོག་དཀར།། རྒྱལ་བ་མཆོག
243b5 གིས་རྟག་ཏུ་བསྔགས། ། གལ་ཏེ་མེ་དཀར་སྦྱིན་སྲེག་བྱེད།། དེ་ལ་སྔགས་རྣམས་འགྲུབ་པར་འགྱུར།། དེ་བཞིན་རྟག་ཏུ་ཁ་དོག་དཀར།། རྒྱས་པ་ཅན་གྱི་དངོས་གྲུབ་འདོད།། ནག་པོ་དུ་བའི་ཁ་དོག་དང་།། སེར་སྐྱ་ཡང་ནི་སྡིག
243b6 པ་ཅན། ། ཁ་དོག་རྣམ་གསུམ་རབ་བསྒྱུར་བས།། དངོས་གྲུབ་རྣམ་གསུམ་འདི་དག་ཡིན།། གཞན་པའི་ཁ་དོག་སྦྱིན་མདོག་གམ།། སླར་ཡང་བརྟན་པའི་ས་སྟེང་དེར།། སྔགས་པ་དེ་ལ་དངོས་གྲུབ་མེད།། དེ་ལྷའི་ཁ་དོག
243b7 འདྲ་བ་འམ། ། རྣམ་པ་སྣ་ཚོགས་ཁ་དོག་ཅན།། མེ་ནི་འབར་བ་དེ་མཐོང་ན།། སླར་ཡང་ལས་རྣམས་བརྩམ་པར་བྱ།། ཕྱིར་ཞིང་བཟླས་པ་བྱ་བ་ཡིན།། གལ་ཏེ་སྔགས་ནི་གྲུབ་གྱུར་ན།། ལས་ཀྱི་ཆོ་ག་མཐོང་བ་ཡིས།
iiif viewer powered by OpenSeadragon
243a - 244a