e-texts navigator
Collection
Volume
Page
Wylie

240b1 འགའ་ཞིག་གམ། ། འབྲས་བུའམ་ཁམས་ལས་བྱུང་བ་ཡིས།། ཀུ་ཤའི་རྩེ་མོས་བརྒྱུས་པ་ཡང་།། ཟློས་པོས་འབད་དེ་བྱ་བ་ཡིན།། བརྒྱ་རྩ་བརྒྱད་དམ་ཉི་ཤུ་ལྔ།། ལྔ་བཅུ་འདི་དག་པར་མ་ཡིན།། སྔགས་པ
240b2 མཉམ་པར་བཞག་པ་ཡིས། ། འབྲས་བུའི་ཚད་རྣམས་བརྒྱུ་བར་བྱ།། སྟོང་རྩ་བརྒྱད་པ་ཉིད་བྱ་བ།། འཕྲེང་བ་འདི་ནི་ཐུ་བོ་ཡིན།། འཕྲེང་བ་རྣམ་པ་འདི་བཞི་ནི།། སྔགས་པས་རྟག་ཏུ་བརྒྱུ་བར་བྱ།། དེ་ནས་བརྒྱུས
240b3 ཏེ་སྔགས་རྣམས་ནི། ། ཕྱི་མོ་གསུམ་མམ་གཉིས་ཉིད་དང་།། རྒྱ་ལྕགས་ལས་བྱུང་གདུ་བུ་དང་།། དེ་བཞིན་གསེར་དང་དངུལ་དག་དང་།། དེ་ནས་ཟངས་བྱུང་གདུ་བུས་ཀྱང་།། འཕྲེང་བ་ཀུན་ནས་བརྒྱུ་བར་བྱ།། དེ་ནས
240b4 མཐའ་རུ་ཡང་མིག་བྱ། ། དེ་ལ་རིམ་གྱིས་དགོད་པར་བྱ།། འབད་པས་མཛེས་པར་དཀྲི་བར་བྱ།། སངས་རྒྱས་མ་ལུས་བཞུགས་པར་ནི།། ཡོངས་སུ་གསལ་བར་བྱས་དེ་ནས།། དཀྱིལ་འཁོར་ལྟ་བུར་མཐོང་བ་ཡིན།།
240b5 སྦྲུལ་ཅི་གདེངས་ཀའི་རྣམ་པ་བཞིན།། ཡོངས་སུ་དཀྲིས་པས་བརྒྱན་པ་ཡིན།། མུ་ཏིག་དོ་ཤལ་རྣམས་མཚུངས་ཤིང་།། མགུལ་རྒྱན་རྣམ་པར་སྤྲུལ་པའོ།། དེ་ནས་འབབ་ཆུ་དགེ་བའི་མཐར།། དྲི་མ་མེད་ལ་ཁྲུས་བྱས
240b6 ནས། ། གོ་རིམས་ཇི་བཞིན་ཁྲུས་བྱས་ཏེ།། ཆུ་ཡི་གནས་ལས་ལྡང་བར་བྱ།། དེ་བཞིན་བརྩོན་པས་ཉེ་རག་བྱ།། བགྲང་འཕྲེང་སྲང་བུ་བླངས་ནས་ནི།། བ་ཡི་རྣམ་ལྔས་རབ་ཏུ་བཀྲུ།། ས་ཡི་ཕྱེ་མས་རབ་བཀྲུས
240b7 ནས། ། གཙང་མའི་གོས་ལ་དྲི་བཟང་གིས།། རྗེས་སུ་ཉེ་བར་བྱུགས་པ་དང་།། རབ་ཏུ་བསྔགས་པའི་ཁ་དོག་ཀྱང་།། ཙན་དན་དཀར་པོ་གུར་ཀུམ་དང་།། འབད་པས་དྲོན་མོས་བཀྲུ་བར་བྱ།། དེ་བཞིན་གཉིས




iiif viewer powered by OpenSeadragon

240a - 241a

Texts on this page

S683 - ral pa gyen brdzes kyi rtog pa chen po