| | e-texts navigator
|
23a1 ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་།
23a2 འོག་མིན་ལ་སོགས་པའི་ལྷ་དེ་དག་གིས་མཆོད་པའི་སྤྲིན་གྱི་ཆར་ཕབ་ནས། ལྷའི་བུས་ཚིགས་སུ་བཅད་པས་བསྟོད་པ། སྤྱན་རས་གཟིགས་དབང་ཐུགས་རྗེའི་སྐུ།། ཕྱག་སྟོང་ཉོན་མོངས་གྲོལ་བའི་ཕྱག
23a3 སྤྱན་སྟོང་ཤེས་རབ་འོད་གསལ་ཏེ། ། འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད་ནས།། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་སྐུ་དེ་མི་སྣང་བར་འགྱུར་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ
23a4 པར་གྱུར་ཏོ། ། དེ་ནས་ལྷའི་བུས་གསོལ་པ། འདི་ལ་ཕན་ཡོན་ཅི་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཞིག་རྒྱུད་འདི་ཡིད་བྱེད་ན། ནད་དང་རིམས་དང་གདོན་དང་ནི།།
23a5 རྒྱལ་པོ་གཅན་གཟན་འཇིགས་པ་དང་། འཇིགས་པ་ཀུན་ལས་གྲོལ་བར་འགྱུར།། འདོད་ཆགས་ཞེ་སྡང་གཏི་མུག་དང་།། མཚམས་མེད་སྡིག་པ་མི་དགེ་ཀུན།། རབ་ཏུ་ཞི་བར་བྱེད་པར་འགྱུར།
23a6 དམྱལ་བ་ངན་སོང་སྡུག་བསྔལ་དང་།། མི་ཁོམ་བརྒྱད་ལས་རྣམ་གྲོལ་ཏེ།། ཉན་དང་འཆད་དང་སྒོམ་པར་འགྱུར།། དྲི་མེད་ནམ་མཁའ་དཀྱིལ་ལྟ་བུར།། བཅོམ་ལྡན་འདས་ཀྱང་མཐོང་བར་འགྱུར།། ཞེས
23a7 བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ནས། ལེགས་སོ།
iiif viewer powered by OpenSeadragon
22b - 23b