| | e-texts navigator
|
236a1 བ་དང་། ། ཕྲ་མོའི་དེ་ཉིད་དོན་ལ་མཁས།། སྔགས་ཤེས་ལས་ལ་གྲགས་པ་དང་།། རྒྱུ་ཡིས་ནང་ལ་མཁས་པ་སྟེ།། དེ་ལ་དངོས་གྲུབ་རྙེད་མི་དཀའ།། བདེན་པའི་ཆོས་ནི་རྣམས་སྤངས་པའི།།
236a2 བརྫུན་པའི་ཚིག་ནི་སྨྲ་མི་བྱ།། བདེན་པ་ཐམས་ཅད་རྣམས་སྤངས་པའི།། མ་རུངས་རབ་ཏུ་མ་རུངས་ཉིད།། རྣམ་པར་སྡང་དང་འཁྲུག་བཅས་དང་།། གཙུབ་ཅིང་གནད་ནི་འགེམས་པ་དང་།། བདེན་པའི་ཆོས་ནི་རྣམ
236a3 པར་ཉམས། ། སེམས་ཅན་གཞན་ལ་གདུང་བར་བྱེད།། ཕྲ་མ་ཉོན་མོངས་ཅན་སེམས་དང་།། ཆོས་རྣམས་ཐམས་ཅད་སྤངས་པ་དང་།། དེ་བཞིན་འཚེ་བའི་བདག་ཉིད་ཅན།། རྟག་ཏུ་ཁྲིམས་འཆལ་ཆོས་མིན་སྤྱོད།།
236a4 སྔགས་ཟློས་པ་ཡིས་སྤང་བར་བྱ།། དེ་བཞིན་ཉིད་དུ་གྲོང་གི་ཆོས།། ཁྲོ་བ་བརྣབ་སེམས་འབྱུང་བ་ཡི།། འཇིག་རྟེན་ཕ་རོལ་འཇིགས་པ་རྣམས།། བློ་ལྡན་རང་རྒྱལ་བསེ་རུ་དང་།། སླར་ཡང་རྟག་ཏུ་ཉན་ཐོས་དང་།། །
236a5 སྔོན་གྱི་སངས་རྒྱས་རྣམས་ཀྱིས་སྨད།། དེ་བཞིན་རྟག་ཏུ་རྫུན་སྨ་བ།། འཇིག་རྟེན་དངོས་གྲུབ་འདོད་དོན་གཉེར།། ས་སྟེངས་རྫུན་སྨྲ་ཉེ་བར་སྨྲ།། མི་བཟད་དམྱལ་བ་ཆེན་པོར་ལྟུང་།། སྔོན་གྱི་ངེས་པ་ལས་དེ་བཞིན།།
236a6 དགའ་བས་གཤིན་རྗེའི་འཇིག་རྟེན་དུ།། རྟག་ཏུ་སླར་ཡང་དེར་གནས་སོ།། རྟག་ཏུ་རྫུན་སྨྲས་ཉེར་འཚོ་བ།། མི་བཟད་ངན་འགྲོར་ལྟུང་བར་འགྱུར།། ཐིག་ནག་རབ་ཏུ་ཚ་བ་དང་།། ཡང་སོས་རལ་གྲི་ལོ་མ་དང་།
236a7 དེ་བཞིན་ཤལ་མ་ལི་ཡི་ནགས།། དེར་ནི་བསྐལ་པ་མང་པོར་གནས།། རྫུན་དུ་སྨྲ་བའི་སྐྱེ་བོ་ན།། གསང་སྔགས་ལོག་པར་སྨྲ་བ་དང་།། རྨོངས་པས་ལོག་པར་བརྗོད་པ་ཡིས།། འབྱུང་པོ་རྣམས་ལ་བྲུ་བྱེད་པ།། དེ་ལ
iiif viewer powered by OpenSeadragon
235b - 236b