e-texts navigator
Collection
Volume
Page
Wylie

22a1 ཨིནྡྲ་བནྡེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ་མནད་རེ། ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མ་བ་ན་ལ་སྭཱཧཱ། བྷྲཱུཾ་བསྐྱེད་ཕྱག་ན་རྡོ་རྗེ་ནི།། བུམ་པའི་རྒྱུ་ཡིས་ཁྲུས་བྱས་ནས།། ཞེ་སྡང
22a2 རབ་ཏུ་ཞི་ནས་ནི། ། བཟོད་པ་ཆེན་པོ་ཐོབ་པར་འགྱུར།། དུག་རབ་ཏུ་ཞི་བར་བྱེད་པའི་ལེའུ་སྟེ་བརྒྱད་པའོ།། ། རས་སམ་གྲོག་ཤིང་ཤུན་ལ།། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས།
22a3 དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཆེ་གེ་མོ་ལ་རཀྵ་རཀྵ་ཞེས་པའོ།། སྲུང་བ་ལུས་ལ་གདགས་བྱས་ན།། ནད་དང་གདོན་དང་རིམས་དང་ནི།། འཇིགས་ཟའི་ནད་དང་གདོན་ལས་ཐར།། བདེ་བ་ཡོངས་སུ་རྫོགས
22a4 པར་འགྱུར། ། སྐུད་པ་དག་ནི་དཀར་པོ་ལ།། མདུད་པ་དག་ནི་རབ་བྱས་ཏེ།། བདུན་ནམ་ཉི་ཤུ་རྩ་གཅིག་གམ།། བརྒྱ་རྩ་བརྒྱད་ནི་ལེགས་བཟླས་ནས།། སྲུང་བའི་དམ་པ་འདི་བྱས་ན།། སྲུང་བ་ཡི་ནི་དམ་པ
22a5 འདིས། ། སྲུང་བའི་མཆོག་ཏུ་འགྱུར་བའོ།། མུ་ཏིག་རིན་ཆེན་བྱུ་རུ་གསེར།། ག་པུར་གུར་ཀུམ་གླ་རྩི་དང་།། ཨ་ཀ་རུ་དང་དུ་རུ་ཀ། ཕུར་མ་སྙིང་ཁར་གདགས་པར་བྱ།། ཙན་དན་གླ་རྩི་གུར་ཀུམ་དང
22a6 གུ་གུལ་ནག་པོ་བསྲེགས་པའི་ཕྱེ། ། བ་ཡི་འོ་མས་ལྡེ་གུ་བྱ།། གནས་གསུམ་དག་ཏུ་བྱུགས་པས་ནི།། གདོན་དང་ནད་ཀྱིས་འཇིགས་ཀུན་ལས།། བྱུགས་པས་དེ་ནི་སྲུང་བར་འགྱུར།། སྲུང་བའི
22a7 འཁོར་ལོའི་ལེའུ་སྟེ་དགུ་པའོ། ། ། སེར་བ་ཡོངས་སུ་སྲུང་བ་ལ།། སེང་ལྡེང་ལྷང་ཏིའི་ཕུར་བུ་ལ།། གཟུངས་སྔགས་བཟླས་པ་དབུས་སུ་ནི།། ཧཱུཾ་ལས་བྱུང་བའི་སྐུ་བསྐྱེད་དོ།།




iiif viewer powered by OpenSeadragon

21b - 22b

Texts on this page

S650 - pad+ma cod pan zhes bya ba'i rgyud