e-texts navigator
Collection
Volume
Page
Wylie

215b1 ཀུབ་ཛཾ་དང་། ། ས་སྟེངས་གྲོང་ནི་འཕགས་རྒྱལ་དང་།། མཆོད་རྟེན་དེ་བཞིན་ཡངས་པ་ཅན།། རྟག་ཏུ་ས་སྟེངས་མི་ཐི་ལ།། གྲོང་དང་གྲོང་ཁྱེར་གཙོ་བོ་རྣམས།། གང་གཞན་རྒྱལ་བ་ཡང་དག་འབྱུང་།། རབ
215b2 བསྔགས་བསོད་ནམས་ཡུལ་དག་ཏུ། ། དེ་རྣམས་སུ་ནི་དངོས་གྲུབ་སྒྲུབ།། འདི་རྣམས་ལས་གཞན་ཡུལ་རྣམས་ནི།། གྲོང་དང་ལྗོངས་དང་རི་བོ་དང་།། གནས་དང་གྲོང་མཆོག་གཙོ་བོ་ནི།། འོ་མའམ་འབབ
215b3 ཆུ་ལ་བརྟེན་པ། ། དེར་ནི་རྣམ་དབེན་རྗེས་འཇུག་ཅིང་།། བཟླས་དང་སྦྱིན་སྲེག་དགའ་བར་འགྱུར།། གནས་ནི་བླ་ཁབ་མེད་པ་དང་།། རྟག་ཏུ་ཁང་པ་སྟོང་པ་རུ།། སྔོན་དུ་བསྙེན་པ་བྱ་བའོ།། སྔགས་རྣམས
215b4 རྗེས་མཐུན་ལས་རྣམས་ནི། ། སྔགས་པས་རྟག་ཏུ་ཡུལ་དབུས་སུ།། སྔགས་བཟླས་ཡང་དག་འདོད་པར་བྱ།། བཟླས་ལ་རབ་ཞུགས་རྟག་ཏུ་བརྩོན།། སྔགས་རིག་གཏོང་བ་དག་ལ་གོམས།། ཚུལ་ཁྲིམས
215b5 སྤྱོད་ཅིང་ཤིན་ཏུ་བདེན། ། འབྱུང་པོ་ཀུན་ལ་ཕན་པར་དགའ།། སྔགས་ཀྱི་སྤྱོད་པ་ལ་དད་པ།། བཏུལ་ཞུགས་ཅན་གྱིས་སྔར་བཞིན་འདས།། གཙང་མའི་ཡུལ་དང་གཙང་སྦྲ་ཅན།། ཀླ་ཀློ་རྐུན་མ
215b6 སྤངས་པ་དང་། ། སེམས་ཅན་སྡིག་སྦྲུལ་ལ་སོགས་པ།། སྤངས་པའི་ས་ཕྱོགས་འདོད་པར་བྱ།། འབྲས་བུ་མེ་ཏོག་ཡང་དག་ལྡན།། དྲི་མེད་ཆུ་ནི་རབ་བསྔགས་པ།། སྔགས་རིག་པས་ནི་སྔགས་བསྙེན
215b7 བྱ། ། ཡུལ་གཞན་རྣམས་སུ་བསྒྲག་མི་བྱ།། ལྷ་ཡི་གནས་སམ་དུར་ཁྲོད་དང་།། བརྟན་པའི་མཚན་མ་གཅིག་པ་དང་།། རྟགས་གཅིག་དེ་བཞིན་པས་མཐའ་རུ།། སྔགས་རིག་སྔགས་ནི་བསྙེན་པ་བྱ།།




iiif viewer powered by OpenSeadragon

215a - 216a

Texts on this page

S683 - ral pa gyen brdzes kyi rtog pa chen po