e-texts navigator
Collection
Volume
Page
Wylie

214a1 ལྷ་ཐམས་ཅད་དང་། ལྷ་མ་ཡིན་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱང་འདིའི་དབང་དུ་འགྱུར་ཏེ། བཀའ་བཞིན་བྱེད་པ་ལ་བཞག་ནས། སངས་རྒྱས་དང་བྱང་ཆུབ་སེམས
214a2 དཔའ་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་དང་། འཕགས་པ་ཉན་ཐོས་རྣམས་འདིའི་སྔགས་གྲུབ་པ་དེ་རྣམས་ཀྱང་འདི་ལ་བྱམས་པའི་བདག་ཉིད་དུ་འགྱུར་རོ།། རྗེས་སུ་འདོད་པར་འགྱུར་རོ།།
214a3 སེམས་ཅན་ཐམས་ཅད་ཀྱིས་མི་ཚུག་པར་འགྱུར་རོ།། གཞན་ཡང་ལས་ཀྱི་ཆོ་ག་མཆོག་གི་སྒྲུབ་ཐབས་སུ་འགྱུར་བ་ནི་བིལ་བའི་ཤིང་ལ་གྲུ་བོ་ཆེའི་བཞོན་པ་བྱེད་དུ་གཞུག་སྟེ། ཤིང་གཅིག་གི་བཞོན་པ་འམ།
214a4 བསྡུས་པའང་རུང་སྟེ་གནས་ཆེན་པོ་བྱའོ།། གངྒཱའི་དབུས་ཀྱི་གླིང་དེར་གནས་པའི་གྲུའི་བཞོན་པར་སྐྱེས་བུ་བརྒྱ་ཉི་ཤུ་ལག་ན་སྒྲོན་མེ་ཐོགས་པ་རྣམས་གྲུའི་བཞོན་པ་ལ་འཛེགས་ཏེ། གོས་དཀར་པོ་གྱོན་ཞིང
214a5 བསྲུང་བ་བྱས་པ་རས་རིས་ཀྱི་ཐུ་བོ་སྔར་གྱི་ཚོ་གས་ཀུན་ཏུ་བཞག་པའི་སྤྱན་སྔར་གཞག་པར་བྱའོ། ། དེ་ནས་རས་རིས་ལ་མཆོད་པ་ཆེན་པོ་བྱས་ནས་ན་ག་གེ་སར་གྱི་བྱེ་མ་རྣམས་དང་། གུར་ཀུམ་དང་།
214a6 ཙན་དན་དཀར་པོ་དང་། ག་པུར་བསྲེས་པ་དང་། སེང་ལྡེང་གི་སྲེག་བླུགས་སྟོང་ཕྲག་སུམ་ཅུ་རྩ་དྲུག་སྦྱིན་སྲེག་བྱའོ།། དེ་ནས་སྦྱིན་སྲེག་གི་མཐར་གྲུ་དེ་སྐད་ཅིག་ཙམ་གྱིས་ཚངས་པའི་འཇིག་རྟེན་དུ་འགྲོ་ཞིང
214a7 འོང་བར་འགྱུར་ཏེ། ཇི་ལྟར་འདོད་པ་བཞིན་དུ་རྣམ་པར་རྒྱུའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་བྱེད་དོ།། མཐོང་བ་ཙམ་ལས་ཐོབ་པར་འགྱུར་རོ།། མངོན་པར་ཤེས་པ་ལྔ་དང་།




iiif viewer powered by OpenSeadragon

213b - 214b

Texts on this page

S683 - ral pa gyen brdzes kyi rtog pa chen po