| | e-texts navigator
|
213a1 བའི་རིག་པ་བཟུང་ནས་སམ། སྙིང་པོ་འམ། ཉེ་བའི་སྙིང་པོ་འམ། ཡི་གེ་གཅིག་པ་འམ། ཁྲོ་བོ་འམ། ཕོ་ཉ་འམ། རིང་དུ་རྗེས་སུ་འབྲང་བ་འམ། གཞན་གང་ཡང་རུང་བའི་སྔགས
213a2 བཟུང་ནས་རས་རིས་ཀྱི་ཐུ་བོ་དེ་ཉིད་དུ་ཞལ་ནུབ་ཏུ་ཕྱོགས་པར་བཞག་ནས། བདག་ཉིད་དང་པོར་ཤར་དུ་མངོན་པར་ཕྱོགས་ལ། ཕྱིས་ནི་ཇི་ལྟར་འདོད་པར་བྱའོ།། འོ་མ་དང་། ནས་ཟན་དང་། འབྲས་བུ་བཟའ་བ་འམ།
213a3 ཆུ་འམ། པདྨའི་རྩ་བ་དང་འབྲས་བུ་བཟའ་ཞིང་སྨྲ་བ་བཅད་དེ། དུས་གསུམ་དུ་ཁྲུས་བྱ་ཞིང་། གོས་ལན་གསུམ་དུ་བརྗེས་ཏེ། ཤིན་ཏུ་དཀར་བའི་ལས་ཀུན་ཏུ་སྤྱོད་ཅིང་ཤིན་ཏུ་དཀར་བའི་བློ་དང་ལྡན་པས། དང
213a4 པོ་རེ་ཞིག་རས་རིས་ཀྱི་སྤྱན་སྔར་ཇི་ལྟར་ཉེ་བར་བསྟན་པ་བཞིན་དུ་སྔར་ཆོ་ག་མཐོང་བས་རིག་པ་འབུམ་ཕྲག་དྲུག་ཅུ་བཟླས་པར་བྱའོ། ། དེ་ནས་གལ་ཏེ་རྩ་བའི་རིག་པར་འགྱུར་རོ།། དེ་ནས་སྟོང་ཕྲག་དྲུག་ཅུ་བཟླས
213a5 པའི་མཐར་གྲུ་རྒྱ་མཚོ་ཆེན་པོར་འགྲོ་བར་འགྱུར་རོ། ། དེ་ནས་སྒྲུབ་པའི་ཡོ་བྱད་རྣམས་བསྡུས་ཏེ་སྔར་གྱི་གནས་དེ་ཉིད་དུ་གཞག་པར་བྱའོ།། དེ་ནས་གྲུའི་བཞོན་པ་རྒྱ་མཚོ་ཆེན་པོར་འགྲོ་བ་ན། འཇིགས་པར་མི་བྱ་ཞིང་།
213a6 བཟློག་པར་མི་བྱའོ།། སྒྲུབ་པ་པོའི་དབང་ལས་མ་གཏོགས་པར་བཟློག་པར་ནུབ་པའང་མ་ཡིན་ནོ།། དེ་ནས་དཔག་ཚད་སྟོང་དུ་གནས་པའི་རྒྱ་མཚོ་ཆེན་པོར་ཡང་ཡུད་ཙམ་གྱིས་འཇུག་པར་བྱེད་དེ། ལམ་ཐུང
213a7 ན་ལྟ་ཅི་སྨོས། དེར་ཞུགས་ནས་ཆུའི་སྟེང་དུ་སྒྲུབ་པའི་ལས་བརྩམ་པར་བྱའོ།། དེ་ནས་མེ་ཐབ་སྔར་གྱི་རྣམ་པ་འམ། རྫ་མཁན་གྱིས་བྱས་པའི་སའི་སྣོད་དུ་སེང་ལྡེང་གི་མེ་སྦར་ལ། ན་ག་གེ་སར་གྱི
iiif viewer powered by OpenSeadragon
212b - 213b