| | e-texts navigator
|
212b1 རས་རིས་ཀྱི་ཐུ་བོ་ཞལ་ནུབ་ཏུ་མངོན་པར་ཕྱོགས་པར་གཞག་སྟེ། བདག་ཉིད་ཤར་དུ་མངོན་པར་ཕྱོགས་ཏུ་ཀུ་ཤའི་ཁྲེས་ལ་འདུག་སྟེ། ན་ག་གེ་སར་གྱི་མེ་ཏོག་རེ་རེ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་སེང་ལྡེང་གི
212b2 ཤིང་གིས་མེ་སྦར་ཏེ། ཙན་དན་དཀར་པོ་དང་གུར་ཀུམ་བསྲེས་པའི་ན་ག་གེ་སར་གྱི་མེ་ཏོག་རྣམས་ཀྱིས་སྟོང་ཕྲག་བཅུའི་བར་ཇི་སྲིད་པར་སྦྱིན་སྲེག་བྱའོ།། གཞན་ཀླུ་རྣམས་མཐོང་བ་ན་ཉེ་བར་བཅིངས་པའི་དངོས་གྲུབ
212b3 ཀྱི་རྫས་རྣམས་རབ་ཏུ་ཆགས་པས་བླང་བར་མི་བྱའོ། ། གང་ལས་སྦྱིན་སྲེག་གི་མཐར་གྲུའི་བཞོན་པ་དང་ལྷན་ཅིག་འབྲར་བར་འགྱུར་རོ།། རིག་པ་འཛིན་པ་རྣམས་ཀྱི་རྒྱལ་པོར་འགྱུར་རོ།། ཀླུའི་དབང་པོ་རྒྱལ་པོ་ཐམས་ཅད
212b4 ཀྱང་རྗེས་སུ་འབྲང་ཞིང་བྲན་བཞིན་དུ་གནས་སོ། ། བར་གྱི་བསྐལ་པ་སུམ་ཅུར་འཚོ་བར་འགྱུར་རོ།། རང་དབང་དུ་སྤྱོད་པར་འགྱུར་རོ།། འགྲོ་བ་ལ་ཐོགས་པ་མེད་དོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མངོན་སུམ
212b5 དུ་མཐོང་སྟེ། དེའི་སྤྱི་བོ་ལ་རེག་པར་མཛད་དོ།། རེག་པ་ཙམ་གྱིས་མངོན་པར་ཤེས་པ་ལྔར་འགྱུར་རོ།། ངེས་པར་སངས་རྒྱས་ཉིད་དུ་ལྷག་པར་འགྲོ་བར་བྱེད་དོ།། གཞན་ཡང་མཆོག་གི་སྒྲུབ་པའི་ཆོ་གའི་སྒྲུབ་ཐབས
212b6 འགྱུར་བ་ནི་སྔར་བཞིན་དུ་གངྒཱའི་ཀླུང་དུ་ཞུགས་ནས་བིལ་བའི་ཤིང་གི་རང་བཞིན་གྱིས་ཤིང་གཅིག་ཉིད་ཀྱིས་གྲུའི་བཞོན་པ་བྱས་ནས་ཤིན་ཏུ་བརྟན་པ་ལེགས་པར་བྱས་པ་དེར་མངོན་པར་འཛེགས་ནས། བདེ་བའི་ཤིང
212b7 གི་རང་བཞིན་གྱི་སྐྱ་བ་ངེས་གྲུ་དེའི་རྗེས་སུ་སྒྲུབ་པ་པོ་ཆེས་མཁས་ཤིང་གསལ་བ་ཉིད་ཀྱིས་གཡབ་པར་བྱ་སྟེ། གངྒཱའི་ཀླུང་ཆེན་པོ་ཡོངས་སུ་མི་དོར་བར་ཀུན་ནས་ཐད་ཀར་རམ་རྒྱུན་རིངས་སུ་གཡབ་པར་བྱའོ།། དེ་ནསཿ
iiif viewer powered by OpenSeadragon
212a - 213a