e-texts navigator
Collection
Volume
Page
Wylie

209b1 ནས་བླུད་པར་བྱ་བ་འམ། དེའི་ཕྱོགས་སུ་བྱུགས་ན། དེའི་སྐད་ཅིག་ཉིད་ལ་ཟུག་རྔུ་མེད་པར་འགྱུར་རོ།། མ་ཞུ་བ་དང་། གསུད་པ་དང་། ཚད་པའི་ནད་ལ་ཁ་རུ་ཚྭ་དང་། རྒྱམ་ཚྭ་དང་། ཚྭ་གཞན་གང་ཡང་རུང་བ་ལ་མངོན
209b2 པར་བསྔགས་ནས་ཟོས་ན་ནད་དེ་ལས་གྲོལ་བར་འགྱུར་ཏེ། ཉི་མ་དེ་ཉིད་ལ་བདེ་བར་གནས་པར་འགྱུར་རོ།། ལྡན་པའི་ནད་ཀྱི་ཚད་པ་འམ། འཕྲལ་གྱི་ཚད་པ་ལའང་རུང་སྟེ། མ་ཏུ་ལུང་གའི་རྩ་བ་བཏགས་ནས་སྲོག
209b3 ཆགས་མེད་པའི་ཆུ་འཐུང་དུ་གཞུག་སྟེ་གནོད་པ་མེད་པར་དེ་ལས་གྲོལ་བར་འགྱུར་ཏེ། ལན་བདུན་བཟླས་པས་སམ། གཉིས་བཟླས་པས་སོ།། བུད་མེད་མོ་གཤམ་མི་སྐྱེ་བའི་ཆོས་རྣམས་སྐྱེ་བར་འདོད་ན
209b4 ཨ་ཤོ་གནྟའི་རྩ་བ་བའི་མར་དང་ལྷན་ཅིག་བསྐོལ་ཏེ། བའི་འོ་མས་བསྲེས་ཏེ་ལན་ཉི་ཤུ་རྩ་ལྔ་ཡོངས་སུ་བཟླས་ཏེ། ཟླ་མཚན་གྱི་དུས་སུ་འཐུང་དུ་བཅུག་ནས་ཁྲུས་བྱས་པའི་མཐར། སྐྱེས་པ་གཞན་སྤང་ཞིང
209b5 ཁྱིམ་པའང་འདོད་པས་ལོག་པར་གཡེམ་པ་ཡོངས་སུ་སྤངས་ན། རང་གི་སྐྱེས་པ་འམ་རང་གི་བདག་པོའི་བུ་སྐྱེ་བར་འགྱུར་རོ།། ལོ་གསུམ་མམ། ལོ་ལྔ་རབ་ཏུ་སྐྱེ་བའི་དུས་ལས་ལྷག་པ་འམ། ལོ་དུ་མར
209b6 བུ་མ་ཆགས་པ་འམ། གཞན་གྱི་སྔགས་དང་། སྨན་དང་། གཞན་གྱི་ཕྱག་རྒྱས་བཏབ་པ་དང་། གཞན་གྱིས་གདུག་པར་བྱས་པ་འམ། མངལ་འཛིན་པ་མི་འཛིན་པར་བྱས་པ་འམ། ནད་ཀུན་ཏུ་ལངས་པ
209b7 འམ། སྦྱོར་བ་གཞན་ཀུན་ཏུ་སྤངས་པའམ། ནད་གཞན་གང་ཡང་རུང་བ་ཅུང་ཟད་ཀྱིས་ཡོངས་སུ་མི་འཛིན་པར་བྱས་པ་འམ། བརྟན་པ་དང་། གཡོ་བ་དང་། བཅོས་མ་དང་། བཅོས་མ་མ་ཡིན་པ་ལ་སོགས




iiif viewer powered by OpenSeadragon

209a - 210a

Texts on this page

S683 - ral pa gyen brdzes kyi rtog pa chen po