| | e-texts navigator
|
208b1 དབང་དུ་བྱེད་ལ། ཡང་དག་པར་འདོད་པར་གྱུར་པར་བྱེད་ན། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་དང་། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས། སྔགས་ཐམས
208b2 ཅད་དང་བགེགས་ཐམས་ཅད་འཇོམས་པར་བྱེད་པ་སྟེ། འདི་ནི་བརྩོན་འགྲུས་ཆེ་བ་དང་། མཐུ་ཆེ་བ་དང་། གཅིག་ཏུ་དཔའ་བ། རིག་པ་ཐམས་ཅད་གཅིག་ཁོ་ནར་སྔགས་ཐམས་ཅད་ཀྱི་མཆོག་ཏུ་བཤད་པ་དང་། གཅིག
208b3 ཁོ་ན་རིག་པའི་རྒྱལ་པོ་འཇིགས་པ་ཆེན་པོ་རྣམས་ལས་མཆོག་ཏུ་བཤད་པ་སྟེ། དེ་གང་ཞེ་ན། ལས་ཆེན་པོ་ཐམས་ཅད་བྱེད་པ། དོན་ཐམས་ཅད་སྒྲུབ་པ། བྱ་བ་ཐམས་ཅད་བྱེད་པ། སྔགས་ཐམས་ཅད་གཅོད
208b4 པར་བྱེད་པ། གདུག་པའི་ལས་རྣམས་དང་སྡིག་པ་ཐམས་ཅད་རབ་ཏུ་འཇོམས་པར་བྱེད་པ། སྔགས་ཐམས་ཅད་སོ་སོར་རྫོགས་པར་བྱེད་པ། དགེ་བར་བྱེད་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས
208b5 པའི་རིག་པ་དང་སྔགས་ཐམས་ཅད་ཀྱི་གོང་ནས་གོང་དུ་རབ་ཏུ་འཇུག་པ། ཐོགས་པ་མེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཡང་དག་པར་གྱུར་པ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དེ
208b6 ། གང་ཞེ་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། གྲོགས་པོ་དག་འདི་ནི་མཆོག་ཏུ་གསང་བ་དམ་པ། ལས་ཆེན
208b7 པོ་ཐམས་ཅད་བྱེད་པ། རིག་པའི་རྒྱལ་མོ་ཆེན་མོ་སེམས་ཅན་ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་པ། འབྱུང་པོ་ཐམས་ཅད་ཀྱིས་མི་ཚུགས་པ། སངས་རྒྱས་ཐམས་ཅད་ཀྱིས་བཀྲ་ཤིས་པ། རིག་པ་དང་སྔགས
iiif viewer powered by OpenSeadragon
208a - 209a