e-texts navigator
Collection
Volume
Page
Wylie

207b1 ཀྱི་དུས་ཀྱི་ཚེ་རས་རིས་ཀྱི་སྤྱན་སྔར་མེ་ཐབ་པདྨའི་རྣམ་པ་ལྟ་བུ་བྱས་ནས། ཙན་དན་དཀར་པོའི་ཤིང་གིས་མེ་སྦར་ཏེ། གུར་ཀུམ་དང་ག་པུར་གཅིག་ཏུ་བྱས་ནས་སྲེག་བླུགས་ཇི་ལྟར་འབྱོར་པས་སྟོང་ཕྲག་བརྒྱད་སྦྱིན་སྲེག
207b2 བྱས་ཏེ། དེ་ནས་བསྲུང་བ་བྱའོ།། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལས་འོད་ཟེར་བྱུང་སྟེ། རས་རིས་ཀྱི་ཁོར་ཡུག་ཏུ་གཅིག་ཏུ་འབར་བར་གྱུར་པ་འབྱུང་ངོ་།། དེ་ནས་སྒྲུབ་པ་པོས་ཙན་དན་དང་གུར་ཀུམ
207b3 གྱིས་བཏགས་པའི་པདྨ་དཀར་པོའི་མེ་ཏོག་གིས་མཆོད་ཡོན་དབུལ་ལོ། ། དེ་ནས་སྒྲུབ་པ་པོས་རིངས་པའི་ཚུལ་གྱིས་རས་རིས་ལ་བསྐོར་བ་ལན་གསུམ་བྱས་ནས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ
207b4 ཐམས་ཅད་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་རྣམས་ལ་ཕྱག་འཚལ་ནས་སྔར་སྒྲུབ་པ་པོས་བྲིས་པའི་རས་ཀྱི་མཐའི་ཕྱོགས་ནས་འཇིགས་པ་མེད་པས་རས་རིས་གཟུང་བར་བྱའོ།། དེ་ནས
207b5 བཟུང་བ་ཙམ་གྱིས་འཕུར་བར་འགྱུར་ཏེ། སེ་གོལ་གཏོགས་པ་ཙམ་ལ་ཚངས་པའི་འཇིག་རྟེན་ལས་འདས་ཏེ། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་ཀུན་ཏུ་གནས་པར་འགྱུར་རོ།། གང་དུ་བཅོམ་ལྡན
207b6 འདས་དེ་བཞིན་གཤེགས་པ་མེ་ཏོག་ཡང་དག་པར་སྐྱེས་པའི་དབང་པོའི་རྒྱལ་པོ་དེ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པར་བྱེད་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་མངོན་སུམ་དུ
207b7 མཐོང་སྟེ། ཆོས་ཉན་པར་བྱེད་དོ།། བྱང་ཆུབ་སེམས་དཔའ་སྟོང་ཕྲག་དུ་མ་དག་ཀྱང་མཐོང་སྟེ། དེ་རྣམས་ལ་བསྙེན་བཀུར་བྱེད་དོ།། བསྐལ་པ་ཆེན་པོ་སྟོང་དུ་རྒ་བ་མེད་པ་དང་འཆི་བ་མེད་པར་རོལ་པར་འགྱུར




iiif viewer powered by OpenSeadragon

207a - 208a

Texts on this page

S683 - ral pa gyen brdzes kyi rtog pa chen po