e-texts navigator
Collection
Volume
Page
Wylie

205a1 ལྟར་འདོད་པའི་གཟུགས་གསུམ་པོ་རྣམས་གདོན་མི་ཟ་བར་འདྲིར་གཞུག་པར་བྱ་སྟེ། ཇི་ལྟར་འདོད་པའི་རྣམ་པ་དང་། དབྱིབས་ཇི་ལྟར་གནས་པ་བཞིན་དུ་འམ། སྒྲུབ་པ་པོ་ཇི་ལྟ་ཇི་ལྟར
205a2 འདོད་པ་དེ་ལྟ་དེ་ལྟར་བྲི་བར་བྱའོ། ། དབུས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། མཐའ་གཉིས་སུའང་ཕྱག་ན་རྡོ་རྗེ་དང་། ཀུན་ཏུ་བཟང་པོ་ཇི་ལྟར་འདོད་པ་བཞིན་དུ་གདོན་མི་ཟ་བར་འདྲིར་གཞུག
205a3 པར་བྱའོ། ། ཇི་ལྟར་རྙེད་པའི་རས་ཀྱི་དུམ་བུ་མཐོ་གང་ངམ། ཁྲུ་གང་ཙམ་ལ་བདག་ཉིད་དམ། གཞན་གྱིས་སམ། རི་མོ་མཁན་གསོ་སྦྱོང་ཅན་ནམ། གསོ་སྦྱོང་མེད་པ་འམ། དད་པ་མེད་པ་འམ། དད་པ
205a4 ཅན་ནམ། གཙང་མ་འམ། མི་གཙང་བ་འམ། ཚུལ་ཁྲིམས་དང་ལྡན་པ་འམ། ཚུལ་ཁྲིམས་འཆལ་པའང་རུང་སྟེ། རི་མོ་མཁན་གྱིས་འདྲིར་གཞུག་པར་བྱའོ།། སྒྲུབ་པ་པོ་བདག་ཉིད་ནི་གདོན
205a5 མི་ཟ་བར་སྔོན་སྤྱད་པ་བྱས་པ། དད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་གདོན་མི་ཟ་བར་འགྱུར་བས་བྱ་སྟེ། དེ་ལྟར་ན་སྔགས་འགྲུབ་པར་འགྱུར་གྱི། གཞན་དུ་སྡིག་པ་བྱེད་པས་ནམས་ཀྱང་མ་ཡིན་ནོ།། དེ་ལྟར
205a6 དད་པར་གྱུར་པ་ཡིས། ། སྔགས་ཀྱི་ལྷ་རྣམས་བསྒྲུབ་བྱ་ཞིང་།། དད་པ་དེ་ཡིས་གསང་སྔགས་རྒྱལ།། འགྲུབ་འགྱུར་འདིར་ནི་གཞན་དུ་མིན།། གང་ཕྱིར་དད་པ་ཐེག་པའི་མཆོག། གང་གིས་འདྲེན་པ་འགྲོ་བར་བྱེད།།
205a7 ངདང་པ་མེད་པའི་མི་རྣམས་ལ།། དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ།། ས་བོན་མེ་ཡིས་ཚིག་པ་ལ།། མྱུ་གུ་སྔོན་པོ་ཇི་བཞིན་ནོ།། ངད་དང་ལྡན་པའི་མི་རྣམས་ལ།། སངས་རྒྱས་ལས་རྣམས་འགྲུབ་པར་འགྱུར།། ལྷ




iiif viewer powered by OpenSeadragon

204b - 205b

Texts on this page

S683 - ral pa gyen brdzes kyi rtog pa chen po