e-texts navigator
Collection
Volume
Page
Wylie

201a1 དང་སྲིན་པོ་དང་། ། ལྷ་མིན་དབང་པོ་ཐམས་ཅད་དང་།། ལྟོ་འཕྱེ་ཆེ་དང་ཟླ་བ་དང་།། རླུང་དང་གཤིན་རྗེ་ལ་སོགས་དང་།། སེང་གེ་འཕྲོག་བྱེད་སོགས་བཤད་པའི། སྔགས་རྣམས་ཐམས་ཅད་འདིར་དྲངས་ཏེ།
201a2 རས་རིས་སྤྱན་སྔར་འགྲུབ་པར་འགྱུར།། ཞི་བ་ཅན་དང་དེ་བཞིན་དུ།། རྒྱས་པ་ཅན་རྣམས་བྱ་བ་སྟེ།། དེ་བཞིན་འདིར་ནི་མི་བཟད་པ།། རྒྱལ་མཆོག་གིས་སྨད་སྤང་བར་བྱ།། ཞེས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན
201a3 པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་ལས། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྩ་བའི་ཆོ་ག་བཞི་པ་རས་རིས་ཀྱི་ཆོ་ག་རབ་འབྱམ་ཡོངས་སུ་རྫོགས་སོ།། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས
201a4 དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡམ་འདས་ཀྱི་ཞབས་ལ་ཕྱག་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ
201a5 ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་གསུངས་པ་ནི་ལེགས་སོ་ལེགས་སོ།། རིག་པའི་བརྟུལ་ཞུགས་ཐམས་ཅད་ང་བྱེད་པའི་དོན་དང་།
201a6 ཕན་པའི་ཕྱིར་དང་། བདེ་བའི་ཕྱིར་དང་། འཇིག་རྟེན་ལ་སྙིང་བརྩེ་བས་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་བསྟན་པ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བར་བྱེད་པའི་ཆོས་ལྷག་མ་དང་བཅས་པ། ངེས་པར
201a7 བྱང་ཆུབ་ལ་རྒྱུན་དུ་མཆོག་ཏུ་གཞོལ་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིག་པ་དང་སྔགས་ཀྱི་སྤྱོད་པ་ཐམས་ཅད་ཀྱི་དོན་སྒྲུབ་པར་བྱེད་པ། བདག་གི་རིག་པ་གསང་ཆེན་འདི་ཉིད་སྐྱེ་བོ་ཐམས་ཅད་རྒྱས་པར་བྱེད་པར




iiif viewer powered by OpenSeadragon

200b - 201b

Texts on this page

S683 - ral pa gyen brdzes kyi rtog pa chen po