| | e-texts navigator
|
186a1 བའི་ཕྱག་རྒྱ་བཅིངས་ནས་གྱེན་དུ་ངེས་པར་བསྡུས་པས་གཤེགས་སུ་གསོལ་བར་བྱའོ་ཞེས་པའོ། ། བྱང་ཆུབ་སེམས་དཔའི་སྡེ་སྣོད་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ
186a2 རལ་པ་གྱེན་བརྗེས་ཀྱི་རྩ་བའི་ཆོ་ག་ལས། དཀྱིལ་འཁོར་གྱི་ཆོ་ག་རབ་འབྱིན་གྱི་ལེའུ་སྟེ་གཉིས་པ་རྫོགས་སོ།། ། དེ་ནས་སེམས་དཔའ་ཆེན་པོ་དེས་སླར་ཡང་ཐམས་ཅད་དང་ལྡན་པའི
186a3 འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་གཟིགས་ནས། ལྷའི་བུ་རྣམས་ཐམས་ཅད་ལ་སྨྲས་པར་གྱུར་ཏོ།། ཁྱེད་རྣམས་ཉོན་ཅིག། མཆོག་གི་གྲུབ་པ་མཆོག་ཏུ་གསང་བ་སྒྲུབ་ཐབས་ཐམས་ཅད་ཀྱི་ཆོ་ག་རིག
186a4 པའི་ལས་ཐམས་ཅད་བྱེད་པ། རིག་པའི་ལས་བཟང་པོ་བྱེད་པ། ཆེན་པོ་ཉིད་དང་དོན་ཆེན་པོ་བྱེད་པ། ཕུང་ཀྲོལ་ཐམས་ཅད་ཟློག་པར་བྱེད་པ།། དོན་ཐམས་ཅད་སྒྲུབ་པར་བྱེད་པ། མཆོག་ཏུ་བཀྲ་མི་ཤིས་པ
186a5 ཐམས་ཅད་ཀུན་ནས་བཀྲ་ཤིས་པ། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ། བདག་གི་མཆོག་ཏུ་གསང་བའི་སྙིང་པོ་ཡང་དག་པར་གྱུར་པ། ལས་ཕྲན་ཚེགས་ཐམས་ཅད་ལ་ཉེ་བར་སྦྱར་བར་བྱ་བ། རིག་པའི
186a6 རྒྱལ་མོ་ཆེན་མོ་ལས་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་བྱེད་པའི་སྒྲོལ་མ་གང་ཞེ་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏུཏྟཱ་རེ་ཏུ།
186a7 རེ་སྭཱ་ཧཱ། གྲོགས་པོ་དག་འདི་ནི་འཕགས་མ་སྒྲོལ་མ་ལས་ཆེན་པོ་ཐམས་ཅད་བྱེད་པ། ལས་ཕྲན་ཚེགས་ཐམས་ཅད་བཀླགས་པས་གྲུབ་པ། མཆོག་ཏུ་གསང་བ། ཤིན་ཏུ་གསང་བ། མཆོག་ཏུ་གྲུབ་པ། གཞན
iiif viewer powered by OpenSeadragon
185b - 186b