e-texts navigator
Collection
Volume
Page
Wylie

14b1 པོསྟེང་གི་ཞལ་དབུས་སེར་བ། གཡས་ལྗང་ཁུ། གཡོན་དམར་བ།། སྟེང་གི་གསུམ་ནག་པོ།། བཅོམ་ལྡན་འདས་ཀྱི་དབུ་ནི་བྱུ་རུ་བཅག་པ་ལྟ་བུར་གྱུར་ཏེ་འཛུམ་པ་མཛད་ནས། ཐུགས་རྗེ་ཆེན་པོའི་བདག་པོ
14b2 ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གཟིགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐལ་མོ་སྦྱར་ཏེ།། བཅོམ་ལྡན་འདས་ལ་གསོལ་པ།། སྐུ་དང་སྔགས་དང
14b3 ལས་རྣམས་དང་། ། ཁྱད་པར་ཆོ་ག་བསྟན་པར་གྱིས།། ཞེས་གསོལ་བ་བཏབ་ནས།། བཅོམ་ལྡན་འདས་ཀྱིས།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་བཀའ་སྩལ་པ།།
14b4 སྐུ་ནི་རྣམ་པ་འདི་ལྟ་སྟེ།། ཐུགས་རྗེ་དག་པས་ཆུ་ཤེལ་ཏེ།། མཉམ་པར་བཞེངས་པས་འགྲོ་དོན་མཛད།། ཆུ་ཤེལ་མདོག་འདྲ་ཞལ་གསུམ་དཀར།། ལྗང་ཁུའི་མདོག་ཅན་ནག་པོ་ཆེ།། སེར་པོ་དེ་བཞིན་བཅོམ་ལྡན་དམར
14b5 ། དྲང་སྲོང་དག་ཏུ་རི་དགས་བརྒྱན།། ཞི་བ་འཛུམ་དང་བཞད་པ་དང་།། ཁྲོས་པའི་ཞལ་མངའ་སྤྱན་གསུམ་མཛེས།། བཅུ་པ་སེམས་དཔའི་རྟགས་ཅན་ཏེ།། བཅུ་གཅིག་བཅོམ་ལྡན་འདས་ཀྱི་བདག། ཡོན་ཏན
14b6 ནོར་བུ་མུ་ཏིག་འཕྲེང་། ། འཕྲིན་ལས་སྣ་ཚོགས་སྨད་དཀྲིས་པ།། དང་པོའི་ཕྱག་ནི་ཐལ་སྦྱར་ཏེ།། གཡས་པ་རིན་ཆེན་འཕྲེང་བ་འཛིན།། གཡོན་པ་དྲི་མེད་པདྨ་འཛིན།། གཡས་པ་མཆོག་སྦྱིན་མཛད་པའོ།།
14b7 གཡོན་པ་རིལ་བ་སྤྱི་ཐུགས་ཏེ།། གཡས་པ་འཁོར་ལོ་རབ་ཏུ་འཛིན།། གཡོན་པ་ན་ནི་མདའ་གཞུ་སྟེ།། ལྷག་མ་མཆོག་སྦྱིན་སྤྱན་ལྡན་ནོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དེ་ཅོད་པན




iiif viewer powered by OpenSeadragon

14a - 15a

Texts on this page

S650 - pad+ma cod pan zhes bya ba'i rgyud