| | e-texts navigator
|
120b1 ཅན་ཐམས་ཅད་བདག་གིས་བསྒྲལ། ། དེས་ན་བདག་ལ་འཇིག་རྟེན་དུ།། རྒྱལ་བའི་ཚོགས་ཀྱིས་སྒྲོལ་མར་བསྒྲགས།། ཐལ་མོ་སྦྱར་བ་བྱས་ནས་ནི།། སྤྱན་སྔར་འདུག་སྟེ་འདི་སྐད་གསོལ།།
120b2 གསུང་གཅིག་མཚན་བརྒྱ་རྩ་བརྒྱད་པ།། ས་བཅུའི་དབང་ཕྱུག་མགོན་རྣམས་དང་།། བྱང་ཆུབ་སེམས་དཔའ་ར་བ་དགའ་བའི།། སྡིག་པ་སྤོང་བྱེད་བསོད་ནམས་དང་།། བཀྲ་ཤིས་གྲགས་པ
120b3 འཕེལ་བར་བྱེད། ། གཏེར་དང་ནོར་རྣམས་འཕེལ་བྱེད་ཉིད།། ནད་རྣམས་ཐམས་ཅད་རླག་པར་བྱེད།། དཔལ་དང་ཤིས་པ་འཇོག་པར་བྱེད།། ནད་མེད་ཚེ་ནི་འཕེལ་བར་བྱེད།། སེམས་ཅན་རྣམས་ལ
120b4 བྱམས་བསྒོམས་ལ། ། དེ་དག་སྒྲོགས་ཤིག་ཐུབ་ཆེན་པོ།། སྤྱན་རས་གཟིགས་དབང་རབ་ཏུ་བཤད།། མཆོག་རྣམས་རབ་ཏུ་རྣམ་གཟིགས་ནས།། འདི་ལྟ་བུ་ཡི་བྱམས་པ་སྤྲོ།། ཕྱག་ནི་གཡས་པས
120b5 ཕྱག་ཐབ་མཛད། ། བསོད་ནམས་མཚན་ཉིད་ལྡན་པ་ཡིས།། དེ་གསུངས་ཤེས་རབ་ཤིན་ཏུ་ཆེ།། ལེགས་སོ་ལེག་སོ་དཀའ་ཐུབ་ཆེ།། སེམས་ཅན་ཀུན་ལ་གཅིག་ཏུ་བརྩེ།། བསྐལ་པ་ཆེན་པོ་མི་རྣམས་ཉོན།། །
120b6 མི་རྣམས་གང་ཞིག་འདི་སྒྲོག་པ།། ནོར་གྱི་དབང་ཕྱུག་ཡང་དག་འགྱུར། ནད་རྣམ་ཐམས་ཅད་ཡང་དག་གྲོལ།། དབང་ཕྱུག་ཀུན་དང་ཡང་དག་ལྡན།། དུས་མིན་འཆི་བ་ངེས་པར་བསྲེགས།། འཆི་བ་བདེ་བ
120b7 ཅན་འགྲོ་བ། ། དེ་རྣམས་བདག་གིས་བཤད་པར་བྱ།། ལྷ་ཡི་དགེ་འདུན་བདག་ལ་ཉོན།། འདི་ལ་རྗེས་སུ་ཡི་རང་གིས།། ལེགས་པར་བསྡམས་པར་འགྱུར་ལ་བསྟོད།། ཨོཾ་དགེ་བ་ཅན་ནི་གཟི་བརྗིད་ཆེ།། །
iiif viewer powered by OpenSeadragon
120a - 121a