e-texts navigator
Collection
Volume
Page
Wylie

118b1 ཁམ་པའི་གའུའི་ནང་དུ་ཕྱི་ནང་ལེ་ཙེ་དགུ་པའི་འཁོར་ལོ་བྲིས་ལ། སྔགས་དགོད་པ་ནི། དབུས་སུ། རྒ་སྭ་སྟཾ་བྷ་ཡ་བྷ་ཡ་རྐ་ཧ། ཞེས་བྱ་བ་ཟིའོ།། ནང་མ་ལ། ཧ་ཧ་ཧ་ཧ། ཧ་ཧ་ཧ་ཧ།
118b2 ཞེས་བྱ་བ་བརྒྱད་ཟིའོ།། དེའི་ཕྱི་རོལ་གྱི་ལེ་ཙེ་དགུ་ལ་ནི། རྒ.ོཾ་རྐ། རྒ་ཏཱརྦཱ། རྐ་རེ་ན། རྒ་ཏཏརྒ། རྒ་ཏ་རྒ། རྐ་ར་ན། རྐ་ཏུརྒ། རྐ་རེ་རྐ། ཞེས་བྱ་བ་བྲིས་ཏེ། སྒྲུབ་པ་འཕགས་མ་ལ
118b3 བྱས་ལ་དགྲ་ཀང་ནས་འོང་བའི་ཕྱོགས་སུ་སྦས་ན་སྲུང་བར་འགྱུར་ཞིང་། དགྲའི་སྒོར་སྦས་ན་མནན་པར་འགྱུར་རོ།། དགྲ་མནན་པའི་འཁོར་ལོའི་ལེའུ་སྟེ་སུམ་ཅུ་རྩ་གསུམ་པའོ།།
118b4 ། དེ་ནས་རིག་སྔགས་ཀྱི་སྦྱོར་བ་གནོན་པར་བྱེད་པའི་འཁོར་ལོ་ནི་ཡུང་བའི་ཁུ་བས་གཡམ་པ་འམ། ལྒང་ཚེར་གཉིས་གང་ཡང་རུང་བ་ལ་འཁོར་ལོ་བྲིས་ཏེ། ལེ་ཙེ་དགུ་པ་ལ
118b5 བྱིན་པ་དང་བཅས་པ་བྲི་བར་བྱའོ། ། སྔགས་དགོད་པ་ནི། དབུས་སུ་ནི། ཝ་སྭ་སྟཾ་བྷ་བ་སྟཾ་བྷ་བ་ཧ། འཁོར་ལོ་ནང་མ་ལ། ལ་ཝལ་ཝ། ཝ་ལ་ཝ་ཝ། ཞེས་བྱ་བ་བྲི་བར་བྱའོ།།
118b6 མ་ལ། ཝ་ཨོཾ་ལ། ལ་ཐཱ་ལ། ལ་རེ་ལ། ལ་ཏུཏ་ལ། ལ་ཏྲ་ལ། ལ་རེ་ལ། ལ་ཏུ་ལ། ལ་རེ་ལ། ཞེས་བྱ་བ་བྲིས་ཏེ། ཕན་ཚུན་གཡས་གཡོན་དུ་འཁོར་ལོ་རེ་རེ་ཟས་ན་མནན་པར་འགྱུར་རོ།།
118b7 རིག་སྔགས་ཀྱི་སྦྱོར་བ་མནན་པའི་ལེའུ་སྟེ་སུམ་ཅུ་རྩ་བཞི་པའོ།། ། དེ་ནས་བཅོམ་ལྡན་འདཔལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུས།། མེ་ཏོག་མན་ད་ར་བ་དང་།




iiif viewer powered by OpenSeadragon

118a - 119a

Texts on this page

S676 - de bzhin gshegs pa thams cad kyi yum sgrol ma las sna tshogs 'byung ba zhes bya ba'i rgyud