| | e-texts navigator
|
117b1 ཀ་བཱ་ལར་བཅུག་སྟེ་སྐུད་པ་སྔོན་པོས་བཅིངས་ཏེ་དུར་ཁྲོད་དུ་སྦས་ན་བསྐྲད་པར་འགྱུར་རོ། ། བསླད་པའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། ། དེ་ནས་དབྱེ་བའི
117b2 འཁོར་ལོ་ནི་དུར་ཁྲོད་ཀྱི་སོལ་བ་དང་། བྱ་རོག་དང་། འུག་པའི་ཁྲག་དང་། དུག་མཉམ་པོར་བསྲེས་པའི་སྣག་ཚས་འཁོར་ལོ་ཕྱི་ནང་དང་བཅས་པ་ལེ་ཙེ་དགུ་པ་བྲིས་ཏེ། དབུས་སུ། ཕཊ་སྭཱ་ཧེ་བ
117b3 རཏ་ཏ་ཧ་ཕཊ། ཅེས་བྱ་བ་བྲིའོ།། ལེ་ཙེ་ནང་མ་བརྒྱད་ལ། ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ། ཅེས་པ་ཟིའོ།། ལེ་ཙེ་ཕྱི་མ་བརྒྱད་ལ། ཕཊ་ཨོཾ་ཕཊ། ཕཊ་ཏཱ་ཕཊ། ཕཊ་རེ་ཕཊ། ཕཊ་ཏུཿ
117b4 ཕཊ། ཕཊ་ཏཱ་པཊ། ཕཊ་རེ་ཕཊ། ཕཊ་ཏུ་ཕཊ། ཕཊ་རེ་ཕཊ། ཅེས་བྱ་བ་བྲིས་ཏེ། བྱ་རོག་དང་འུག་པའི་སྒོ་ངར་བཅུག་སྟེ་བྲག་དང་ཆུ་འཐབ་སེར་སྒོ་ང་སྦས་ན་འབྱེ་བར་འགྱུར་རོ།། དབྱེ་བའི
117b5 འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ། ། ། དེ་ནས་གསད་པའི་འཁོར་ལོ་ནི་དུག་དང་། ཁྲག་དང་། སྐེ་ཚེ་རྣམས་མཉམ་པར་སྦྱར་བས་ལེ་རྩེ་དགུ་པའི་འཁོར་ལོ
117b6 ཕྱི་ནང་དང་བཅས་པ་བྲིས་ཏེ། དབུས་སུ། ཧཱུཾ་སཱ་མ་ར་ཡ་ཧཱ་ཕཊ། ཅེས་བྱ་བ་བྲིའོ།། ལེ་ཙེ་ནང་མ་ལ། ཧཱུཾ་ཕཊ་ཧཱུཾ། ཕཊ་ཧཱུཾ་ཕཊ། ཧཱུཾ་ཕཊ་ཧཱུཾ། ཕཊ་ཧཱུཾ་ཕཊ། ཧཱུཾ་ཕཊ་ཧཱུཾ། ཕཊ་ཧཱུཾ་ཕཊ། ཧཱུཾ་ཕཊ་ཧཱུཾ
117b7 ཕཊ་ཧཱུཾ་ཕཊ། ཅེས་བྱ་བ་བྲིའོ།། ལེ་ཙེ་ཕྱི་མ་ལ། ཧཱུཾ་ཨོཾ་ཕཊ། ཧཱུཾ་ཏཱ་ཕཊ། ཧཱུཾ་རེ་ཕཊ། ཧཱུཾ་ཏུཏ་ཕཊ། ཧཱུཾ་ཏཱ་ཕཊ། ཧཱུཾ་རེ་ཕཊ། ཧཱུཾ་ཏུ་ཕཊ། ཧཱུཾ་རེ་ཕཊ། ཅེས་བྱ་བ་བྲིས་ཏེ། རབས་ཆད་པོ་མོ
iiif viewer powered by OpenSeadragon
117a - 118a