| | e-texts navigator
|
117a1 པའོ། ། སྔགས་དགོད་པ་ནི། དབུས་ས། ཨ་སྭ་ཙ་ཨ་མོཿ་ཨ་སྟྭ~ཾཿ། ཞེས་བཟའོ།། ཚེ་ཙེ་བརྒྱད་པ་ལ་ནི། ཨ་ཨོཾ་ལ། ཨ་ཥྚ་ཨ། ཨ་རེ་ས། ཨ་ཧྲུ་། སཏྤ
117a2 ཨ་རེ་ཨ། ཨ་ཏུ་ཨ། ཨ་རེ་ཨ། ཞེས་བྲིས་ནས་ཐོད་པ་ཁ་སྦྱོར་དུ་བཅུག་ནས་སྐུད་པ་སྔོན་པོས་དཀྲིས་ནས་མེ་ཏོག་དམར་པོ་དང་། མཆོད་པ་ལྔས་དུས་བཞིར་ཟླ་བ་ཁམ་པའི་དུས་སུ་མཆོད་ན་ཐམས
117a3 ཅད་དབང་དུ་འདུའོ། ། དབང་དྲག་གི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། ། དེ་ནས་དབང་དུ་འདུ་བར་བྱེད་པ་ནི་སྲིན་ལག་གི་ཁྲག་དུར་ཁྲོད་ཀྱི་སོལ་བ་དང་ཀན་ད་ཀའི་ཁུ
117a4 བ་རྣམས་ཀྱིས་བྲིས་ཏེ། དུར་ཁྲོད་ཀྱི་སོལ་པ་དང་མི་ཤི་བའི་གོས་ལ་འཁོར་ལོ་ལེ་ཙེ་དགུ་པ་བྲིའོ།། དབུས་སུ། ཨ་མོ་གྷ་ཧྲཱིཿཧ། ཞེས་བྱ་བ་བྲིའོ།། རྩིབས་བརྒྱད་ལ། ཨོཾ་དེ་ཨོཾ། ཏཱ་བ་ཏཱ་རེ་ད་ཏ་རེ།
117a5 ཏུཏྟ་ཏུ་ཏ། ཏཱ་ཨ་ཏཱ། རེ་མོ་རེ། ཏུ་གྷ་ཏུ་རེ་ཧྲིཿརེ། ཞེས་བྱ་བ་བྲིའོ།། ག་འུར་སྲིན་མགོ་དམར་པོ་དང་། འཁོར་ལོ་ཕྲལ་ནས་གཙང་པོ་ཕར་འགྲམ་ཚུར་འགྲུམ་དུ་སྦས་ན་འབྱེ་ཞིང་དབང་དུ་འགྱུར་རོ།།
117a6 དབྱེ་ཞིང་དབང་དུ་བསྡུ་བའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །། དེ་ནས་བསྐྲད་པར་འདོད་ན་དུག་དང་། ཁྲག་དང་། རམས་རྣམས་སྦྱར་ཏེ་དུར་ཁྲོད་ཀྱི་རས་ལ
117a7 འཁོར་ལོ་གཉིས་བྲིས་ཏེ། ལེ་ཙེ་དགུ་པའི་དབུས་སུ། ཧ་ས་ཨུ་ཙ་ཧ་ཧ་ཧ། བྲི་བར་བྱའོ།། ལེ་ཙེ་བརྒྱ་ལ། ཎ་ཨོཾ་ཧ། ཧ་ཏ་ཧ། ཧ་རེ་ཧ། ཧ་ཏུཏ་ཧ། ཧཏྭ་ཧ། ཧ་རེ་ཧ། ཧ་ཏུ་ཧ། ཧ་རེ་ཧ། ཞེས་པ་བྲིས་ཏེ། ཁ་སྦྱར
iiif viewer powered by OpenSeadragon
116b - 117b