e-texts navigator
Collection
Volume
Page
Wylie

116b1 ཞེས་བྱ་བ་དབུས་སུ་བྲིའོ།། མུ་ཁྱུད་ནང་མ་ལ་ནི། ཨ་ཨ་ཞེས་བྱ་བ་བརྒྱད་དགོད་པར་བྱའོ།། མུ་ཁྱུད་ཕྱི་མ་ལ་ནི། ཨ་ཨཽ་ཨ། ཨ་ཏཱ་ཨ། ཨ་རེ་ཨ། ཨ་ཏུཏ་ཨ། ཨ་ཏཱ་ཨ། ཨ་རེ་ཨ། ཨ
116b2 ཏུ་ཨ། ཨ་རེ་ཨ། ཞེས་བྱ་བ་བྲི་བར་བྱའོ།། མེ་ཏོག་གི་འཕྲེང་བས་བཅིངས་ཏེ་མཎྜལ་གྱི་སྟེང་དུ་དུས་བཞིར་མཆོད་ཅིང་ཞག་བདུན་དུ་སྔགས་མ་ནོར་བར་བཟླས་ན་ཞི་བ་ཆེན་པོའི་ལས
116b3 འགྲུབ་པར་འགྱུར་རོ། ། ཞི་བ་ཆེན་པོའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། ། དེ་ནས་རྒྱས་པའི་ལས་བྱ་བ་ནི་གུར་ཀུམ་མམ། གི་ཧང་གིས་གྲོག་ལ་འཁོར་ལོའི་ཕྱི་ནང
116b4 དང་ལྡན་པའི་ལ་ཙེ་དགུ་པ་བྲིས་ཏེ། དབུས་སུ། སརྦ་པུཥྚི་ཀུ་རུ་ཨོཾ་ཨ། ཞེས་བྱ་བ་དགོད་པར་བྱའོ།། ལེ་ཙེ་ནང་མ་བརྒྱད་ལ་ཨོཾ་བརྒྱད་བྲི་བར་བྱའོ།། ལེ་ཙེ་ཕྱི་མ་བརྒྱད་ལ། ཨོཾ་ཨོཾ་ཨཽ།
116b5 ཨོཾ་ཏཱ་ཨོཾ། ཨོཾ་རེ་ཨོཾ། ཨོཾ་ཏུཏ་ཨོཾ། ཨོཾ་ཏཱ་ཨོཾ། ཨོཾ་རེ་ཨོཾ། ཨོཾ་ཏུ་ཨོཾ། ཨོཾ་རེ་ཨོཾ། ཞེས་བྱ་བ་བྲིས་ནས། ཁམ་པའི་ག་འུར་བཅུག་སྟེ་མེ་ཏོག་སེར་པོ་ན་ག་པུཥྤའི་མེ་ཏོག་དང་མཆོད་པ་ལྔས་དུས
116b6 བཞིར་ཟླ་བ་རྒྱས་པ་ནས་བཟུང་ནས་ཞག་བདུན་དུ་མཆོད་ན་ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པར་འགྲུབ་བོ། ། རྒྱས་པའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།།
116b7 དེ་ནས་དབང་དུ་བསྡུ་བར་འདོད་ན་ཀན་ད་ཀའི་ཤུན་པ་དང་། སེང་ལྡེང་གི་ཤུན་པ་དང་། མཛོ་མོ་ཤིང་གི་ཤུན་པ་བསྐུས་པའི་ཁུ་བས་གསེ་གབ་བ་མ་གའུ་ལ་འཁོར་ལོ་བྲི་བ་ནི་ལེ་ཙེ་དགུ




iiif viewer powered by OpenSeadragon

116a - 117a

Texts on this page

S676 - de bzhin gshegs pa thams cad kyi yum sgrol ma las sna tshogs 'byung ba zhes bya ba'i rgyud