e-texts navigator
Collection
Volume
Page
Wylie

116a1 ཁྱུད་ལ་ཏ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཨོཾ་དང་ཧའི་བར་དུ་རཀྵཿཤཱནྟི་ཀུ་རུ། ཞེས་པ་ནི་སྟེང་གི་འཁོར་ལོ་ལའོ།། འོག་གི་འཁོར་ལོ་ལ་ནི་སྔགས་བཟློག་པས་སོ།། ཕྱིའི་དབྱངས
116a2 ཡིག་ཀྱང་བཟློག་པར་ཤེས་པར་བྱའོ། ། དབུས་སུ་ནི། ཨོཾ་དང་ཧའི་བར་དུ་རཀྵ། ཤཱུནྟིཾ་ཀུ་རྦ། བྲི་བར་བྱའོ།། ཞི་བ་ཆེན་པོའི་འཁྲུལ་འཁོར་གྱི་སྲུང་བ་སྟེ་ལེའུ་ཉི་ཤུ་ནྱ་གཉིས་པའོ།།
116a3 ། དེ་ནས་འཕྲིན་ལས་བཞིའི་ལས་སོ་སོའི་འཁོར་ལོ་ནི། ཞི་བ་ནི་ཁམ་པ་ལ་གའུ་ཁ་སྦྱོར་བྱས་ཏེ་མེར་བསྲེགས་ལ་ཁ་དོག་དཀར་པོ་བྱུག་པར་བྱའོ།། དེའི་ནང་དུ་འཁོར་ལོ
116a4 ལེ་ཙེ་དགུ་པ་བྲིས་ཏེ། སྔགས་དགོད་པ་ནི། ཨཽ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ། ཞེས་བྱ་བ་རེ་མིག་བརྒྱད་ལའོ།། རུ་རུ་ཨཽ་རུ་རུ། རུ་རུ་ཏཱ་རུ་རུ། རུ་རུ་རེ་རུ་རུ། རུ་རུ་ཏུཏ་རུ་རུ། རུ་རུ་ཏཱ་རུ་རུ། རུ་པུ་རེ་རུ་རུ།
116a5 རུ་རུ་ཏུ་རུ་རུ། རུ་རུ་རེ་རུ་རུ། ཞེས་བྲིའོ།། དབུས་སུ་ནི། ཀུ་རུ་ཤཱནྟི་ཀུ་རུ། ཞེས་བྲིས་ཏེ་ག་འུར་སྦྱར་ཏེ། དབུས་སུ་སྲད་བུ་དཀར་པོ་དང་ལྡན་པའི་གའུ་མཎྜལ་ཐོག་ཏུ་བཞག་ལ། མེ་ཏོག
116a6 དཀར་པོས་མཆོད་ཅིང་མཆོད་པ་རྣམ་པ་ལྔའང་དབུལ་ཏེ་དུས་གསུམ་དུ་མཆོད་ན་ཞི་བར་འགྱུར་རོ། ། ཞི་བའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། ། དེ་ནས་ཞི
116a7 བ་ཆེན་པོའི་ལས་བྱ་བ་ནི་ཁམ་པ་ལ་ག་ལུ་ཁ་སྦྱར་བྱས་ཏེ་ཙན་དན་དམར་པོས་སྣག་ཚ་བྱས་ལ་འཁོར་ལོ་ཕྱི་ནང་བཅས་པའི་ལེ་ཙེ་དགུ་པ་བྲི་བར་བྱའོ། ། སྔགས་དགོད་པ་ནི། སྭ་ཤཱནྟི་ཀུ་རུ་ཧོཿ།




iiif viewer powered by OpenSeadragon

115b - 116b

Texts on this page

S676 - de bzhin gshegs pa thams cad kyi yum sgrol ma las sna tshogs 'byung ba zhes bya ba'i rgyud