| | e-texts navigator
|
112a1 ནི་རིགས་ལྔའི་བདག་ཉིད་ཀྱི་ཡུམ་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་རྡོ་རྗེའི་རིགས་ཀྱི་ཡུམ་ནི་ཞལ་བཞི་མ། ཕྱག་བརྒྱད་མ། དུང་གི་མདོག་ཅན།
112a2 གཞོན་ནུ་ལང་ཚོལ་བ་བ་པ། ཞལ་དཀར་བ་དང་། གནག་པ་དང་། དམར་བ་དང་། སེར་བའི་ཞལ་བཞིའོ།། རིགས་ལྔས་དབུ་ལ་མཚན་པ། སྤྱན་གསུམ་པའོ།། ཕྱག་བརྒྱད་ནི་རྡོ་རྗེ་དང་།
112a3 མདའ་དང་། མདུང་དང་། ཐ་མ་ལ་མཆོག་སྦྱིན་གྱི་ཕྱག་རྒྱའོ།། ཨུཏྤ་ཁ་དང་། གཞུ་དང་། རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པདང་། སྡིགས་མཛུབ་ནི་གཡོན་གྱི་ཕྱག་རྒྱའོ།། རྡོ་རྗེ་སྐྱིལ་ཀྲུང་གིས
112a4 བཞུགས་ཤིང་ཆོས་སྐུའི་རང་བཞིན་ཅན་ནོ། ། འཇམ་དཔལ་དེའི་སྔགས་ནི་འདིའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་དྷཱ་ན་སཱ་ག་རཱ་ཡ་ཨཀྵོ་བྷྱ་བྷཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱ་ཀ་སཾ་བུདྡྷ
112a5 ཡ་ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་སྭཱ་ཧཱ། ཞེས་པས་རྡོ་རྗེའི་རིགས་ཐམས་ཅད་ཀྱིས་མེ་ཏོག་དང་། མར་མེ་དང
112a6 དྲི་ཆབ་དང་། བ་ཤོས་གཙང་གིས་མཆོད་དོ།། འཇམ་དཔལ་དེའི་ལས་ནི་འདིའོ།། སྤུ་ཚིལ་ལ་གང་བྱ་བའི་གཟུགས་བྱས་ཏེ་སྐྲོད་པའི་རྫས་ནི་བྱ་རོག་དང་ཧུ་ལུའི་ཤ་མིང་དང་བཅས་པའི་སྙིང་ཁར་བཅུག་ནས
112a7 སྔགས་འདི་བརྗོད་པར་བྱའོ། ། ཨོཾ་ཨ་མུ་ཀཾ་མེ་ཤ་མ་ན་ཡ་སྭཱཧཱ། ཞེས་བརྗོད་ནས་རླུང་གི་ཕྱོགས་སུ་སྦས་ན། འཇམ་དཔལ་འཐབ་ཅིང་འབྱེ་བར་འགྱུར། གཞན་དུ་འབྲོས་པར་འགྱུར་རོ།། རྡོ་རྗེའི་རིགས་ཀྱི
iiif viewer powered by OpenSeadragon
111b - 112b